ཨབ་གྷན་དུ་དྲག་སྤྱོད་པས་མི་སེར་༡༡ བསད་པ།

དེ་ནས་སྐོར་སྲུང་དམག་མིས་མཐའ་ནས་བསྐོར་ཏེ་དེ་དག་དང་ཕན་ཚུན་རྒོལ་འཛིང་བྱས་ནས་ཕྱི་ཚེས་༢༩ ཉིན་གྱི་ཞོགས་པར་མཚམས་འཇོག་ཐུབ་པ་བྱུང་ཡོད་པ་རེད།  དུས་རྒྱུན་མགྲོན་ཁང་དེ་ནི་སྲུང་སྐྱོབ་དམ་པོ་ཡོད་པ་ཞིག་ཡིན་པ་དང། དེར་ཨབ་གྷ་ཎི་སི་ཐན་གྱི་མི་དྲག་དང་ཕྱི་རྒྱལ་མི་རིགས་འདྲ་མིན་འཛོམས་སའི་ལྟེ་གནས་ཤིག་ཡིན་འདུག་ཅིང།  དྲག་སྤྱོད་པས་བཙན་རྒོལ་བྱས་པའི་སྐབས་སུ་མགྲོན་ཁང་ནང་དུ་མགྲོན་པོ་༦༠ ཡོད་འདུག་པ་དང། དེ་དག་ལ་རྨས་སྐྱོན་ཕོག་ཡོད་མེད་ད་ལྟ་གསལ་པོ་མེད་པ་རེད། དོན་རྐྱེན་དེའི་དཔང་མི་ཞིག་གིས་བརྗོད་པ་ལྟར་ན།  དྲག་སྤྱོད་པས་མེ་ཤུགས་ཕུར་མདའ་འཕངས་པ་ལས་གཉིས་མགྲོན་ཁང་དེའི་ཐོག་ཕོག་པ་ཡིན་འདུག །