སུ་ཌན་གྱི་སྲིད་འཛིན་བྷི་ཤིར་ཁྲིམས་ཐོག་ནས་ཞིབ་དཔྱོད་དགོས།

 

སཱུ་ཌན་གྱི་སྲིད་འཛིན་ཨོ་མར་ཨོལ་བྷི་ཤིར་ལ་རྒྱལ་སྤྱིའི་ཉེས་ཅན་ཁྲིམས་ཁང་(International Criminal Court)ཞེས་པས་སུ་ཌན་གྱི་མངའ་སྡེ་ཌར་ཕུར་(Darfur)དུ་མི་རིགས་རྩ་བརླག་འགྲོ་གཞི་དང་། འགྲོ་བ་མིའི་གཤིས་སྤྱོད་ལ་རྡོག་རུལ་དང་། སུ་ཌན་ནང་རྙོག་གཞི་སློང་མཁན་བཅས་ཀྱི་ཉེས་འཛུགས་བྱས་ཡོད་པ་དང་།  AFPགསར་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན་རྒྱ་ནག་སོགས་རྒྱལ་ཁབ་ཚང་མར་ཉེས་ཅན་རྒྱལ་ཚོགས་ཀྱི་ཁྲིམས་ཁང་དུ་སྐྱེལ་རྒྱུའི་འགན་ཡོད་པ་རེད། ཉེས་ཅན་རྒྱ་ཡན་དུ་བཏང་བ་དེ་བློ་ཕམ་གྱི་རང་བཞིན་ཡིན་རུང་སྲིད་འཛིན་ཨོ་མར་ཨོལ་བྷི་ཤིར་ཁྲིམས་སར་ཞིབ་དཔྱོད་བྱེད་རྒྱུའི་གོ་སྐབས་བརྟན་པོ་ཡོད་ཅེས། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ནཱ་ཝི་པིལ་ལེས་(Navi Pillay) ཇི་ནི་ཝར་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག།

ད་སྐབས་སྲིད་འཛིན་ཨོ་མར་ཨོལ་བྷི་ཤིར་རྒྱལ་མཚམས་བརྒལ་རྒྱུའི་རང་དབང་མེད་པ་དང་། ཁོ་པ་ནག་ཉེས་ལྔའི་ཐོག་ནས་ཁྲིམས་སར་ཐུག་ཡོད་པ་དང་། དེ་ལས་ནག་ཉེས་གཉིས་ནི་དམག་འཁྲུག་དང་འབྲེལ་བ་ཡོད་པ་དང་། གཞན་གསུམ་ནི་མི་རིགས་རྩ་མེད་དུ་འགྲོ་གཞི་སྟེ་སུ་ཌན་གྱི་མངའ་སྡེ་ཌར་ཕུར་དུ་མི་འབུམ་གསུམ་ཙམ་བསད་ཡོད་པ་བཅས་ཡིན་པ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་(HRF)ཞིབ་འཇུག་བྱས་པ་ལྟར་ན་སུ་ཌན་དུ་མཚོན་ཆའི་རིགས་མང་ཆེ་བ་རྒྱ་ནག་ནས་མཁོ་སྤྲོད་བྱས་ཏེ་ཁུལ་དེའི་མདའ་སྡེ་ཌར་ཕུ་ཞེས་པའི་ས་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། སུ་ཌན་དུ་སྣུམ་གྱི་ཐོན་ཁུངས་ཧ་ཅང་འབེལ་པོ་ཡོད་པས་མཚོན་ཆ་མཁོ་སྒྲུབ་ཀྱི་མ་དངུལ་ཡོང་གཞིའི་གཙོ་བོ་དེ་སྣུམ་གྱི་ཁེ་བཟང་ཡིན་པ་དང་སྣུམ་འབོར་ཆེན་རྒྱ་ནག་ཏུ་ཕྱི་ཚོང་བྱེད་བཞིན་ཡོད་པ་རེད། །