སྐྱོ་སྣང་ཁྲོད་ཀྱི་མྱོང་ཚོར།

དཀའ་སྡུག་ལོ་ཟླའི་འོག་གི་སེམས་ཚོར་དམར་པོ།།

སེམས་ཀྱི་ཁང་ཆུང་དཀྱིལ་ལ་ཡང་ཡང་འཁྱིལ་བ།།

རི་གྲོང་འདི་ལ་བཞག་པའི་སྣང་བརྙན་གསོན་པོ།།

ལོ་རྒྱུས་ཁྲོད་ན་དེ་རིང་ལྷག་པར་གསལ་འདུག།
ཕ་ས་སྨུག་པོ་ཞིག་ནས་མྱོང་བྱང་ནར་མོ།།

ངེས་མེད་ས་མཐའ་ཞིག་ནས་སྐྱོ་གདུང་གྲང་མོ།།

གསེར་ལྡོམ་སྨྱོན་པའི་ཟིན་ཐོ་འདི་ནས་བཀོད་དེ།།

ད་དུང་ངེས་མེད་ཡུལ་ལ་མགྲིམ་སྙིང་འདོད་དོ།།

འཆར་གཞི་ཕུགས་ན་མེད་པའི་མི་རྐྱང་ལྡོམ་པོ།།

བྱང་ཕྱོགས་རྡ་སའི་རི་ན་རེ་སྒུག་བརྩེགས་མ།།

ཉིན་མཚན་ལྟོས་མེད་བྱས་པའི་རེ་བ་རེ་རེ།།

གྲང་རླུང་རྩུབ་མོའི་ཁུར་བས་རེ་འབྲས་བརླགས་སོང་།།

༢༠༡༡ ༨༡༥