ཟ་ལེ་རྒྱལ་ཚོས་ཕྱི་མོ་ཚོར་དགའ་བའི་རྒྱུ་མཚན་འདི་འདྲ་རེད་དམ།

 

ངས་བོད་ཀྱི་བུ་མོ་འགར་རང་ངོས་ནས་ཀྱང་སྐྱོན་ཡོད་ཀྱི་རེད་མ་གཏོགས་ཟ་ལེ་རྒྱལ་ཚང་མ་དེ་འདྲ་ཡིན་མི་སྲིད་ཚུལ་དང། གལ་ཏེ་བོད་ཀྱི་བུ་མོ་ཚོས་ཀྱང་རང་ཕྱོགས་ནས་སྐྱོན་སེལ་ཞིང་དགའ་འོས་པའི་གཤིས་སྤྱོད་དང་ནུས་ཤུགས་མཐོར་འདེགས་མ་ཐུབ་ན་དེ་ནི་དབྱིན་མོ་གཙོས་ཕྱི་གླིང་བུ་མོ་ཚོས་བོད་པའི་ཕོ་གསར་ཚོ་བོད་མོ་ ཚོའི་ལག་འོག་ནས་འཕྲོག་ཆོག་ཆོག་གི་གནས་སྟངས་འདི་བྱུང་བ་རེད་ཅེས་ཀུ་རེ་སྦྲགས་ ནས་བཤད་ཡོད། འོན་ཀྱང་བུ་མོ་གཅིག་གིས་མཐའ་གཅིག་ཏུ་དེ་ནི་བོད་ཀྱི་ཕོ་གསར་ཟ་ ལེ་ཚོས་ཕྱི་གླིང་བུ་མོ་ཡོད་དོ་ཅོག་ལ་ལྷའི་བུ་མོ་ལྟར་བརྩི་ཞིང་རིགས་མཐུན་ བོད་ཀྱི་བུ་མོ་ཚོར་མཐོང་ཆུང་ཁོ་ནར་རེད།ཅེས་སོགས་བཤད་བྱུང།

 

དེ་རྗེས་ངས་དེའི་སྐོར་ལ་བསམ་བློ་བསྐོར་བཞིན་བའི་སྐབས་སུ་དྲ་ལམ་ནས་ རྒྱ་མོ་ཚོས་ཀྱང་ཨ་རིའི་སྐྱེས་པ་དེ་དག་གིས་ཁོ་ཚོར་བཞག་པའི་ཤུགས་རྐྱེན་རེད་ ཟེར་བའི་དོན་ཚན་ཁག་ཅིག་མཐོང་དུས། དོན་ཚན་དེ་དག་ཀྱང་བོད་ཀྱི་ཕོ་གསར་ཟ་ལེ་ ཚོས་རིགས་མཐུན་བུ་མོ་ཚོར་མི་དགའ་བའི་ཕྱོགས་ཀྱི་རྒྱུ་མཚན་མིན་ནམ་སྙམ་པའང་ བྱུང་སྟབས་འདིར་བོད་བསྒྱུར་བྱས་ནས་བཀོད་དེ་བོད་ཀྱི་ཕོ་གསར་མོ་གསར་ཚོས་ རིགས་མཐུན་གྱི་ཕོ་མོ་དབར་མཉམ་འགྲོག་དགོས་ན་ཕན་ཚན་དབར་གྱི་སྐྱོན་སེལ་དགེ་ མཚན་གང་ཐུབ་མཐོར་འདེགས་ཡོང་བའི་རེ་བ་དང་བཅས་འདིར་བཀོད་པ་ལགས་ལ་འགའ་ཤས་ལ་ ཅུང་ཕན་ཐོག་ཡོང་བའི་རེ་བ་ཡོད།

དང་པོ། ཁྱིམ་རྒྱུད་ཀྱི་ལུགས་སྲོལ་གྱིས་རྐྱེན་པས་གཞན་ལས་གཟུགས་ཕུང་ཆེ་ཞིང་ལུས་སྦྱོང་ལ་དགའ་བས་ཡིན།

གཉིས་པ། གཤིས་ཀ་གུ་ཡངས་དང་དྲང་པོ་ཡོད་པ།གཏམ་གླེང་ལ་མཚར་གཏམ་དང་འབྲེལ་བ།བྱ་བྱེད་བག་དང་ལྡན་པ། གཞན་ལ་གུས་ཞབས་ཆེ་བ།

གསུམ་པ། སློབ་གསོའི་ཚད་གཞི་མཐོ་བ།མང་ཆེར་ལ་ཆེད་ལས་ཀྱི་སྦྱོང་འབྲས་ཡོད་པ།

བཞི་པ། རིག་གནས་ཆུ་ཚད་དང་སྒྱུ་རྩལ་གྱི་སློབ་གསོ་ཐོབ་ཅིང་རོལ་དབྱངས་དཀྲོལ་རྡུང་ཤེས་མཁན་མང་བ།

ལྔ་པ། རང་སྒོ་རང་ཐོན་། སྤོབས་པ་དང་རང་གི་ཐོབ་ཐང་ལ་བརྩི་མཐོང་ཆེ་བ།

དྲུག་པ། མི་གཤིས་ཀྱི་རྣམ་པ་གསལ་བ། གཞན་གྱི་གསང་བ་དང་སྒེར་གྱི་གདམ་ཁར་བརྩི་འཇོག་བྱེད་ཅིང་ལུགས་བཟང་དང་ལྡན་པ།

བདུན་པ། བུད་མེད་ཚོའི་དགོས་འདུན་ལ་དོ་སྣང་ཆེན་པོ་བྱེད་ཅིང། འཆར་ཡན་གྱི་ཁོར་ཡུག་དང་བེད་སྤྱོད་ཐད་ནས་བརྩེ་དགའ་ལ་རོལ་མཁས་པ།

བརྒྱད་ པ། ཕྱི་ཚུལ་ལམ་གྱོན་ཆས་དང་སྐྲའི་བཟོ་ལྟ། གདོང་མདོག་ལེགས་ གསོ་བཅས་ལ་དོ་སྣང་བྱེད་པ། དཔེར་ན་ཉིན་ལྟར་གཟུགས་པོ་འཕྲུ་ཞིང་གྱོན་ཆས་བརྗེ་ བ།

དགུ་པ། གང་སར་ཁ་ལུད་སྣ་ལུད་གཏོར་གྱི་མེད་ལ།ཐ་མག་གི་རོ་དང་ངར་སྐད་ཀྱི་ཅ་ཅོ་སོགས་མེད་ཅིང་ལུགས་བཟང་དང་ལྡན་པ།

བཅུ་ པ། སྤྱི་ཚོགས་སྤྱི་ཡོངས་ཀྱི་སྒྲིག་སྲོལ་དང་ལམ་ལུགས་ལ་བརྩི་ སྲུང་བྱེད་པ། དཔེར་ན་དུས་ཚོད་ལ་དམ་འཛིན་དང་ལ་རྒྱར་བརྩི་བ།རྫུན་གཏམ་མི་ སྨྲ་བ།

བཅུ་གཅིག འཚོ་བའི་སྤུས་ཚད་དང་ལས་ཞོར་གྱི་དགའ་ཕྱོགས་རྩེད་རིགས་ལའང་དོ་སྣང་དང་མཉམ་ཞུགས་བྱེད་པ།

བཅུ་གཉིས། ཁྱོ་ཤུག་དབར་ནས་ཀྱང་རང་ཚུགས་དང་སྒེར་ངོས་ཀྱི་ཡར་རྒྱས་གཏོང་ཕྱོགས་ཐད་ལ་ཁོར་ཡུག་འཐུས་ཚང་སྟེར་བའི་བྱ་བར་དོ་སྣང་ཆེ་བ་བཅསོ།