ཁྱེད་ལ་དུང་བའི་སེམས་པ།

གྱེས་བྲལ་ན་ཟུག་ནག་པོའི་རྨ་ཁ་རེ་རེ།།

ཐོལ་བྱུང་སེམས་ལ་འཕོས་པའི་གཏམ་རྒྱུད་སྐྱུར་མོ།།
མི་ཡུལ་ལུང་པ་ཞིག་ནས་བར་མེད་མྱོང་བ།།

གསེར་རྟའི་འཁྱམ་པོ་ཞིག་གི་ལས་དབང་ཡིན་སོང་།།
བདག་སེམས་ང་ལ་དུང་བའི་ཁ་པར་ནང་ནས།།

དམ་ཚིག་སེམས་ཀྱི་གསང་བ་སེམས་ལ་བྲིས་པ།།
རྡ་སའི་རི་གྲོང་ནང་ནས་སེམས་ལ་ལྷུང་བ།།
ཁྱེད་དང་ང་ཡི་གཏམ་བརྒྱུད་ཐུན་མོང་ཡིན་སོང་།