བལ་ཡུལ་དུ་ཧེ་མ་ལ་ཡི་མི་རིགས་ཡོངས་ཀྱི་གནས་སྟངས་གླེང་བ།

བལ་ཡུལ་གྱི་ཉེན་རྟོགས་མི་སྣ་ཡཽང་ཏེ་ལག་ཏུ་གང་ཐེབ་འཛིན་བཟུང་གྱི་གཟུགས་པོ་དང་བློ་ཁུག་རྔོག་གཤེར་དང་བྱས་ཡོད་པའི་ནང་གསེས་བོད་ནས་གཉེན་འཕྲད་དུ་ཡོང་མཁན་བསོད་པྲུག་དང་། ཤར་པ་ཆོས་བཟངས། དེང་རི་ནས་ཡིན་པའི་དབང་འདུས། གནས་མདོ་དགོན་གྱི་གཉེར་པ་ཚེ་རྒྱལ། རྒྱ་གར་གྱི་ཀ་ཡོན་ཀ་ལོ་བཅས་ལ་མེས་པོའི་གཅེས་ནོར་གཟི་དང་བྱེ་རུ་ལུས་ཐོག་ཡོད་པས་གོང་གསལ་ཉེན་རྟོགས་པས་བཙན་ཁྲིད་ཀྱི་ཉིན་༢༨་དང་༢༩་རིང་བཙོན་འཇུག་བྱས་ཡོད་པ་དང་བཅའ་དངོས་མེད་རིགས་དེ་གར་རང་གློད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

དེའི་རིངྲཁོང་ཚོ་བཙོན་ནས་ཐར་ཐབ་ཀྱི་བྱ་བ་མང་པོ་བྱས་ཡོད་པའི་ནང་ནས་ནེ་སྒོར་འབུམ་༢༨་སྤྲད་ན་ཀློད་གྲོལ་ཐོབ་ལུགས་ཀྱི་གཏམ་ཐག་ཆོད་ལ་ཉེ་ཡང་ལྷ་ཡང་འགྱུར་བ་གྱི་ནེ་སྒོར་འབུམ་༣༥དགོས་ལུགས་ཀྱི་གླེང་གཞི་ཞིག་འགྲོ་བཞིན་པའི་སྐབས་བློར་བུ་བེུད་ཞིག་ཡོང་ཏེ་ད་ལེན་ཁྱེད་ཚོའི་དཀའ་སྡུག་དེ་ངས་སེལ་ཐུབ་པ་བཟོ་ཡི་ཡིན་ཁྱེད་ཚོ་བློ་བདེ་པོ་གྱིས་ངས་གོ་ཐོས་ལྟར་བྱས་ན་ཉེན་རྟོགས་པས་དངུལ་དངོས་ཚད་མེད་ཟ་ཡི་ཡོད་པ་གོ་ཐོས་བྱུང་ད་ལེན་སྒོར་གཅིག་ཟ་འཇུག་གིས་མིན་ཟེར་བ་དང་བོད་མི་ཚོ་བློ་དོག་སྐྱེ་བ་ལས་ཡིད་ཆེད་བྱས་མི་འདུག

གོང་གསལ་གྱི་བེུད་དེ་ནི་མི་རིགས་ཤར་པ་ཡིན་དང་། ཁོང་གི་ལས་གནས་ནི་སོ་ལོ་ཁུང་འབུའི་རྫོང་དཔོན་ཡིན་པས་མ་ཚད་ནེ་པ་ལིས་གྲོས་ཚོགས་ཀྱི་འཐུས་མི་རེད་འདུག གོང་གསལ་གྱི་བེུད་དེ་ནི་སྐྱེ་གཟུགས་མཛེས་ཤིང་སྤྱོད་ལམ་བཟང་བ། ལྷག་བསམ་ལྡན་ཤིང་ཡོན་གཏན་འཛོམ་པ། ཞི་ཞིང་དུལ་བའི་རིགས་རྒྱུད་ལྡན་པའི་བེུད་དེ་བའི་མཚན་ལ་ཨོ་ཟླ་བ་ཞུ་ཡི་འདུག ང་ཚོས་ཀྱང་ཁོང་ལ་མཚན་གསར་པ་ཞིག་སྒྲོན་པ་འཇིག་སྐྱོབས་ལྷ་མོ་ཞུས་པ་ཡིན་ཧཧཧཧཧགང་ལྟར་རི་བོ་ཧི་མ་ལ་ཡི་མི་རིགས་ཡོངས་རྫོགས་མགོ་བོ་གཟིངས་སུ་བསྟོད་ཐུབ་པ་བྱུང་སོང།

གལ་ཏེ་དྲ་གྲོགས་ཚོས་དེ་བའི་སྐོར་མཁྱེད་མདོད་མཁྱིས་ཚེ་རྗེས་སུ་གོང་གསལ་འཛིན་བཟུང་བྱས་པའི་མི་ལྔ་དང་བཙོན་ནས་སྐོྱོབས་མཁན་བུད་མེད་ཀྱི་ཁྱད་ཆོས་ཡོངས་རྫོངས་ཚོངཨ་ཀྱག་དེ་བཅས་ཀྱི་ལོ་རྒྱུས་དང་པར་བཅས་རྗེས་སུ་འབུལ་ལམ་ཞུ་ཆོག

བོད་དོན་བག་ཡོད