མི་རབས་གསར་པའི་སྙིང་སྟོབས་ལས་འཕྲོས་པའི་གཏམ།
རེ་བ་ཆེན་པོའི་དམིཊ་འདུན་བཅངས་ནས་བགྲོད་དཀའི་གནས་སུ་དལ་གྱིས་བརྟོལ།།
དྭངས་གཙང་ལྷད་མེད་དད་པའི་རྐྱེན་གྱིས་གསེར་མདོག་ཉི་མའི་གསེར་ཞལ་མཇལ།།
རྣམ་ཤེས་འཁྱམ་པོའི་སེམས་སྡུག་ལྕི་མོར་ཆང་ཕོར་གང་གིས་གསོས་པ་འདིར།།
ཕྱི་མར་དམྱལ་བའི་ཞིང་དུ་ལྷུང་ཡང་བརྗེད་པའི་གོ་སྐབས་ཡོད་མ་ཡིན།།
དེ་རིང་ངེད་ཚོས་སེམས་ཚོར་རེ་རེ་མུན་ཁུང་ནང་གི་མཆོད་མེ་བཞིན།།
ཡར་ཁོག་སེམས་པའི་གྲུ་ཟུར་ཀློང་ནས་ཤུགས་ཀྱིས་སྒྲིམ་གྱིན་སྦར་བྱས་ནས།།
བགྲོད་ཟིན་གནས་ལ་ཕྱིར་རྟོག་བྱེད་བཞིན་མ་འོངས་ལམ་ལ་སྐུལ་ལྕག་བྱེད།།
འདས་མ་ད་གསུམ་འདི་ལ་གཞིགས་ཚེ་དགའ་སྐྱོ་ཟུང་གི་ཚོར་སྣང་འཁྱིལ།།
རེ་བ་ཆེན་པོའི་དམིགས་འདུན་ཕྲ་མོ་མི་རབས་གསར་པ་ལ་བཅོལ་ནས།
གཞོན་ནུ་ངེད་ཚོས་གོམ་ཁ་ཕྲ་མོ་རྒྱལ་སྤྱིའི་སྔུན་དུ་བསྒྱུར་བྱས་ན།།
དེའི་ཕྱིར་རྒྱལ་སྤྱིའི་མི་རབས་གསར་པའི་རྐུབ་སྟེགས་གསར་པ་དབང་གྱུར་པས།།
ད་གཟོད་ངེད་ཅག་གཞིས་བྱེས་གཉིས་ཀྱི་མཉམ་འཛོམས་ཉི་མ་འཆར་བར་ངེས།།
མཐོ་པོའི་མི་ལ་སོ་དཀར་སྟོན་པའི་ལུགས་སྲོལ་གསར་བ་ངེད་ཚོར་མེད་།།
སྤྲང་པོའི་མི་ལ་བརྙས་བཅོས་བྱེད་པའི་ཆོ་ལོ་དེའང་ངེད་ཚོར་དབེན།།
དེའི་ཕྱིར་ཕན་ཚུན་རྩོད་རྙོག་དབེན་པའི་རྒྱལ་སྤྱིའི་རྐུབ་སྟེགས་དབང་འགྱུར་ན།།
འདོད་འདུན་དེས་ཀྱང་མི་རབས་གསར་པའི་འདོད་པ་ཡོད་ཚད་ཁེངས་ནས་འགྲོ།
འདི་ནི་ཆོས་གྲོགས་འགའ་དང་ལྷན་དུ་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་ཧོབ་ལི་ལ་བསྐྱོད་སྐབས་སུ་མི་རབས་གསར་པའི་སྐོར་བགྲོ་གླེང ་ཏོག་ཙམ་བྱུང་རྗེས་སུ་བོད་སྐད་དུ་༼ཟླ་འོད་གསོལ་མགྲོན་ཁང་༽ངམ་དབྱིན་སྐད་དུ་༼mooh lignt hotal ༽འབོད་པ་དེ་རུ་བྲིས།། །།