ཁེར་རྐྱང་གི་རྟོག་འགྱུ།
བདེན་གསུངས་སྟོན་པ་ཆེན་པོའི་བཅའ་ཁྲིམས་དེ།།
ཁྱད་དུ་བསད་པའི་གྲངས་ཁ་ཉུང་ཉུང་མིན།།
བདེན་འཛིན་ཨ་འཐས་འདི་ཡིས་བཅངས་བཅངས་ནས།།
ཚང་ཚིང་འཁོར་བའི་འདམ་ན་ད་དུང་ལུས།
ཤང་རྟ་ཆེན་པོ་ཀླུ་ཐོག་རྣམ་གཉིས་ཀྱིས།།
ལྟ་བའི་ཉམས་རྟོག་འཔར་བའི་གཞུང་ལུགས་ལ།།
སྦྱང་བའི་གོ་སྐབས་ཅུང་ཟད་ཐོབ་མོད་ཀྱང་།
མན་ངག་དྲོད་ཀྱིས་རང་རྒྱུད་མ་ཐུལ་སོང་།།
བློ་རིག་སྦྱང་བའི་བློ་སྒོ་མ་འབྱེད་པར།།
རྟག་རིག་སྦྱང་བའི་རྟག་ལོག་ཁྱབ་ལོག་བསྒྲགས།།
བསྡུས་ཚན་ནང་ནས་ལྕགས་ཚན་རྫོགས་མེད་རེག།
རྡོ་བཅལ་ངོགས་ནས་ས་མཆོངས་རྡོ་མཆོངས་བྱས།།
ཞལ་འདོན་མ་གྱེར་ཞལ་ངོས་གདོང་པ་འཚོལ།།
རུབ་འཚོགས་མ་སོང་རིམ་པ་བཞིན་དུ་འཁྲབ།།
རིམ་བཞིན་རིམ་བཞིན་མར་ནས་མར་དུ་ཟགས།།
མི་ཚེའི་བརྒྱུད་ལམ་འདི་འདྲ་ཏག་ཏག་རེད།།
འུར་ཟིང་གྲོང་ཚོ་འདི་ཡི་སྒོ་འགྲམ་ན།།
འཚོལ་སྙེག་གསོན་པོ་ཞིག་ལ་རེ་ཞིང་སྒུག།
མི་རྐྱང་འཚོ་བ་མངར་སྐྱུར་འདྲེས་མ་རེད།།
སེམས་ཀྱི་འཆར་སྣང་འཆར་སྒམ་ངོས་སུ་བྲིས།
། རིན་ཐང་བྲལ་བའི་རྟོག་འགྱུ་ནར་ནར་ཞིག།།
མ་བཅོས་སེམས་ཀྱི་དཀྱིལ་དུ་ཡང་ཡང་འཁོར།།
མི་བརྗེད་ལོ་ཟླ་དྲན་པའི་དཔང་རྟགས་ཆེད།།
རང་ཤག་ཉལ་ཁྲིའི་སྟེང་ནས་ཤོར་ཏེ་ཐལ།། ་ ༢༠༡༡ ༧ ༢༤