སྨོན་འདུན་ཞུ།
ལྟ་བ་ཐམས་ཅད་སྤང་པའི་ཕྱིར།། དམ་པའི་ཆོས་ནི་སྟོན་མཛད་པ།། གཽ་ཏམ་དེ་ལ་ཕྱག་འཚལ་ལོ།། ཞེས་སྟོན་པ་ཐུགས་རྗེ་ཅན་རྗེས་དྲན་དང་། ཡང་། བུམ་པ་གང་བྱོའི་ལུང་ཁྲིད་ཀྱི་བདུད་རྩི།། དུས་འགྱུར་ཁུག་པ་སྟོང་ཕྲག་དེ་བརྒལ་ཡང་།། དྲི་མས་མ་སྦགས་དྭངས་དྭངས་ཀྱི་དག་བྱེད།། སྩོལ་མཛད་དེང་གི་བླ་མར་བདག་དད་དོ།། ཞེས་ཀྱང་རང་གི་སྙིང་གཏིང་ནས་སྨོས་ཞིང་ མ་འོངས་པ་ན་ང་ཚོ་ཟིན་བྲིས་ཀྱི་ཐོག་ནས་ཕྲག་དོག་ཆུང་ཆུང་གིས་སྐྱོན་ཆུང་སྔོགས་པ་དམིགས་འབེན་གཙོ་བོར་མི་བཟུང་བར་བསྟན་འགྲོའི་སླད་དུ་ཡར་རྒྱས་གནད་སྨིན་ཡོང་བའི་སྨོན་འདུན་ཞུ།