ངའི་ཕ་མེས་ཀྱི་ང་ལ་གནང་བའི་ལེགས་སྐྱེས
ངའི་ཕ་མེས་ཀྱིས་ང་ལ་འགག་མི་སྲིད་པའི་མགྲིན་པ་ཞིག་གནང་བྱུང་བས/
ངས་ལམ་འཕྲང་དང་འཇིག་པ་ཆེ་བའི་འགག་སྒོ་ཡོད་ཚད་བརྟོལ་ཏེ་/
ལྷན་སྐྱེས་ཀྱི་དབྱངས་རྟ་གཉོམ་པོ་འདི་ལུས་ཀྱི་ཁོག་གསེང་དང་མགྲིན་པའི་དབུགས་སྒོ་ནས་ཕུད་དེ/
དབྱངས་ཅན་མའི་རྒྱུད་མང་གི་རོལ་དབྱངས་ལ་འཐིམ་འདོད/
དེ་ནི་ངའི་འཇིག་སྣང་ཆེ་བའི་མི་ཚེའི་རོལ་དབྱངས་ཤིག་བརྩི་ཆོག
༢༠༡༡ ༨ ༣
