༄༅།། འགྱུར་ལྡོག་གི་སུན་སྣང་།

འཚོལ་སྐྱིད་ཀྱི་དྲོད་ཁོལ་ཁད་ཀྱིས་ཡལ་ཏེ་ཟླ་འོད་ཀྱི་སྣང་བ་ལ་རེ་བཞིན་རྒྱང་ནས་རྒྱང་དུ་ཤུགས་རིང་གི་འཚོ་བ་ལ་མིག་ཆུས་བཞི་ཤད་བྲིས་་་་་་གཡའ་བྲག་དང་གངས་ཁྲོད་མགྲིམས་ཏེ་མུན་ནག་གི་ལོ་རྒྱུས་ལ་སྡུག་ཡུས་ལེབ་མོའི་འཁང་ར་བྱེད་བཞིན་ཡིད་མཚོའི་ངོགས་སུ་སྐྱོ་གདུང་གིས་རྦ་རླབས་འཕྱུར་་ གདུང་འབོད་དང་སུན་སྣང་གི་འོག་རུམ་ན་ད་དུང་རྒྱང་རིང་གི་བརྩེ་ལྡན་ལ་རེ་ལྟོས་འཆའ་བཞིན་ཁྱེད་ཀྱི་དྲོད་ཁོལ་སྒུམ་བཞིན་ཡོད་་ རེ་སྙེག་གི་འདུན་མ་རེ་རེ་རླུང་བུའི་ཕྱོགས་བཞིར་ཁུར་ཇི་འདྲའི་དྲག་ཏུ་ལྡང་བའི་ན་ཟུག་སྙིང་ཁོང་ན་ལྷོག་ལྷོག་འཕྱོ་་ བསུབ་ཐབས་བྲལ་བའི་ཆར་རླུང་གི་དུས་ཚིགས་རེ་རེ་ལོ་རྒྱུས་ཀྱི་ལྟེབ་ཁུག་ན་བཞུར་་་་་་་་་་་ཡ་ལན་མེད་པའི་གཅོང་ནད་རེ་རེས་ཚོན་མདོག་གི་རྨི་ལམ་ལ་ཆག་གྲུམ་བཟོས་་་་་་་བྱེ་ཐང་གི་མཚོ་ངོགས་ན་འདས་སོང་གི་དབུ་ཁྱུད་རེ་རེ་ཤོག་ལྡེབ་ལ་སྤར་་་་་དགའ་སྐྱོ་ཡི་ཧྲག་བར་ཁྲོད་ནས་ད་དུང་གསོན་ན་འདོད་སྡུག་ཡུས་དང་དྲན་གདུང་ལ་རྗེས་དྲན་གྱེར་བཞིན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་