སེམས་ན་འཁྱིལ་བའི་གསེར་ཆུ།

དྲག་དུ་གཡོ་བཞིནབརྩེ་དུང་གི་རྒྱང་གླུ་ཕ་ས་ཆད་མ་མྱོང་བའི་ལོ་རྒྱུས་རིང་མོ་ང་ཚོའི་ཡིག་ཚང་ན་ཁ་གསལ་ཡོད་ ངའི་རྒྱང་རིང་ནས་ཁྱེད་ཀྱི་དབྱངས་རྟ་ལ་ཉན་ཅང་

ཁྱེད་ལ་སྙན་ངག་གིས་རྗེས་དྲན་གྱེར་གྱིན་ཡོད་ སྤོབས་སྟོབས་དང་ལོ་རྒྱུས་བསྐྲུན་པའི་གསེར་ཆུ་ལགས་ རྩྭ་ཐང་གི་ནོར་ལུག་དང་སྦྲ་ནག་ལ་བརྩེ་བ་སྦྱིན་པའི་གསེར་ཆུ་སྔོན་མོ་ཁྱེད་ཀྱི་འཁྱུག་རྩལ་གྱི ་གསོན་ཉམས་རེ་རེས་ཇི་འདྲའི་མཛེས་སྡུག་གི་ཞིང་ཁམས་རེ་རེ་བསྐྲུན་ ལལ་ཞེན་གྱི་འབོད་བསྐུལ་རེ་རེ་མཐའ་མེད་གྱི་རི་གྲོང་ལ་སྤར་བའི་གསེར་ཆུ་ལགས་

 

 གསེར་གཞུང་གི་ཡུལ་གྲུ་ན་སྒེག་ཉམས་ཀྱི་འཛུམ་བརྒྱ་བཞད་ཅིང་མ་ཡུམ་ལ་ དུངས་སེམས་ཀྱི་ཟེག་མ་མཆོད་བཞིན་ ཁྱེད་ཀྱི་བརྩེ་དུང་དེ་སེམས་གཏིང་ན་ ལྷོག་ལྷོག་དུ་ལྡང་བའི་གཏམ་རྒྱུད་ཡབ་མེས་ཀྱི་ཞལ་སྒོ་ནས་ཐོན་ ལུས་ཟུང་ཕྲ་མོ་དེས་རི་ཆུ་སྟོང་ཕྲག་མང་པོ་ལ་གསོན་སྙིང་གཏེར་ སྙན་འཇེབ་ཀྱི་རོལ་དབྱངས་དེ་ཁུ་བྱུག་གི་མགྲིན་དབྱངས་དང་འདྲེས་ ངའི་སེམས་གསོའི་སྐྱོ་གྲོགས་ཁྱེད་ཁོ་ན་ཡིན་གསེར་ཆུ་ལགས་ སྙན་ངག་མཁན་པོ་ཚོས་ཁྱེད་ལ་བསྔགས་བརྗོད་ཀྱི་དབུ་ཁྱུད་ཤོག་ལྡེབ་ལ་ཕབ་ ཤར་ནུབ་ཀྱི་ཡུལ་བསྐོར་པ་ཚོས་ཁྱེད་ལ་རྒྱང་མཇལ་བྱེད་བཞིན་ ཁྱེད་ཀྱི་སྣང་བརྙན་བྲང་གཞུང་ལ་གླན་ མཐའ་མའི་གྱེས་ཕྱག་གིས་ཁྱེད་ལ་ མིག་ཆུ་བཏང་ སྲོག་ལྡན་གྱི་སྐྱེ་འགྲོ་ལ་ཚེ་སྲོག་གི་རིན་ཐང་གཏེར་ སྙན་གཞུང་གི་བརྗོད་བྱ་གཏེར་བའི་ཡིད་འོང་གི་གསེར་ཆུ་ལགས་ ད་དུང་ང་ཚོའི་འབྱུང་འགྱུར་གྱི་ཆེད་དུ་ཁྱེད་ཀྱི་ལམ་སྟོན་གནང་དགོས་ གསེར་མདོག་གི་ལང་ཚོ་རྒྱས་པའི་གསེར་ཆུ་ལགས་ བརྗིད་རྔམ་གྱི་འབྲོང་རི་སྨིག་པོའི་ཁྱེད་ལ་ཕུགས་བསམ་གཏད་ཡོད ་སེ་བོ་དང་གདོང་ར་སོགས་ཀྱི་ཡོད་ཚད་ཁྱེད་ལ་བློས་བཏང་བྱས་ཡོད་ ཡུལ་ལྗོངས་འདིའི་སྙིང་མིག་སྲོག་གསུམ་ཁྱེད་ཁོ་ན་ཡིན་ཟེར་ མཛེས་རྩལ་དང་བཟོ་བགོད་ལགས་པའི་གསེར་ཆུ་ལགས་་་་་་་་་