༄༅། བླ་རྒན་བསྟན་བཤིགས་ཀྱི་རང་རྣམ་དམར་རྗེན་མ།
ལྷོ་ཕྱོགས་གྲྭ་སར་འོང་ནས་གྲྭ་གཡབ་བྱས།།
དགེ་བཤེས་རྫུན་མ་ཞིག་གི་མིང་རྟགས་ཁུར།།
ཕ་ཡུལ་ཕྱོགས་ལ་སྐྱག་རྫུན་སྣ་ཚོགས་ལབ།།
བླུན་རྟག་གྲངས་མེད་བཞག་པའི་ལོ་རྒྱུས་མང་།
ཤིང་ཁྲི་རྙིང་ཐོ་ཞིག་གི་སྒང་སྟེང་ནས།།
མཇེ་རྒོད་རྐུབ་དགའི་ཞབས་འདྲེན་བྱེད་ལུགས་ལྟོས།།
ད་དུང་འདུལ་བའི་མཁན་པོ་བྱེད་ཁུར་བྱས།།
ཇི་འདྲའི་ཨུ་ཚུགས་ཅན་གྱི་མཁན་རྫུན་ཞིག།
དམ་ཆོས་འདུལ་བའི་སྲོག་རྩ་དམར་གསོད་བཏང་།
དམ་སྲི་སྙིང་ལ་ཞིག་པའི་ལྐུག་རྟགས་བསྟན།།
ད་དུང་ཧམ་བཤད་རྫུན་ཀྱིས་འཁོར་ལོ་བསྐོར།།
བན་ཆུང་བརླ་ཤ་རྩོད་པའི་བླ་ལོག་པོ།།
སྤྱི་ཡི་སྤྱོད་ཚུལ་ལྷོ་ཕྱོགས་ཡུལ་ནས་ཤེས།།
ནང་གི་སྤྱོད་ངན་བན་ཆུང་ཁ་ནས་ཤོར།
ཁ་རྐུབ་ཕྱག་ལས་མང་བའི་ཁ་བརྡ་ཞིག
ཁང་ཚན་ཀུན་གྱི་ཁ་ན་རླུང་ལྟར་གྲགས།།
ད་དུང་མཁས་མདོག་བཙུན་མདོག་སྣ་ཚོགས་བྱས།།
གྲྭ་སར་བཞུགས་ནས་གྲྭ་ཆུང་བརླ་ཤའི་ཆེད།།
མི་ཚེའི་ཕྱེད་ག་འདི་ནས་རྫོགས་སོང་ཟེར།།
ཆོས་ལུགས་ལུང་ཚན་གཉིས་ཀྱི་ཤག་འགྱེད་ཀྱིས།།
མི་སེམས་དཀྲུགས་པའི་ལོ་རྒྱུས་བརྗོད་དུ་མེད།།
ད་དུང་བླ་སྤྲུལ་གྲྭལ་དུ་ཨུ་ཚུགས་རྒྱབ།།
ཆོས་དང་ཆབ་སྲིད་གཉིས་ལ་མགོ་བོ་འཐོམས།།
ཐ་སྙད་རིག་གནས་ཕྱོགས་ལ་སྦྱང་བ་མེད།
ཨེན་ཆུང་རྐུབ་ལ་རྒྱུག་པའི་བརླ་མཁན་ཞིག།
དགུང་ལོ་བཞི་བཅུར་ཉེ་འང་ད་དུང་སྨྱོས།།
རང་ཚིགས་ཚེ་སྲོག་བརླག་པའི་རྩ་མེད་པོ།།
རྩ་བཞི་ཆང་ལྔ་བོར་བའི་བོར་འཐོར་ཅན།།
ཁ་ཁོག་མི་མཚོང་ཀུན་གྱིས་གླེང་མོར་མང་།
ཁང་ཚན་ནང་ནས་གཞན་རྐུབ་དོན་དུ་གཉེར།།
ཞེན་འགོག་རྐྱང་བའི་མི་ཚེ་རྫོགས་ལ་ལྟོས།།
ཞབས་འདྲེན་ཞེས་པའི་ཉིན་མཚན་བྲེལ་ལ་ལྟོས།།
ཁ་གཤོབ་སྣེ་གཤོབ་རྫུན་རྐུབ་རྡོལ་ལ་ལྟོས།།
ནད་རྙིང་འཕར་བའི་དྲི་ངན་འཕྱུར་ལ་ལྟོས།།
དཀར་དམར་ལང་ཚོ་ལྡན་པའི་གྲྭ་ཕྲུག་སྟོང་།།
ད་ལྟའི་ཆར་ལ་གོ་སྐབས་ཕྲ་ན་འང་།།
མ་འོངས་སྐྱེས་རབས་ཕྲེང་བ་ཐམས་ཅད་དུ།།
བན་ཆུང་སྟོང་གི་གཞང་བདག་འགྱུར་བར་སྨོན།།
གཞི་གསུམ་མ་མཁྱེན་སྡོམ་མགོ་སྔོན་ནས་ཆད།།
བསླབ་གསུམ་མ་བཞུགས་གོས་གསུམ་ད་དུང་གྱོན།།
རྨ་གསུམ་སྒོ་ལ་དུང་བའི་ཆགས་རྒན་ཞིག།
སྡོམ་གསུམ་ཡལ་ག་འགྱེལ་བའི་ཚུལ་ལ་ལྟོས།།
དུག་གསུམ་དུག་མཚོ་འཕྱུར་བའི་ཁ་སྒོ་ན།།
གླེན་རྟགས་ལེབ་མོ་བྱས་པའི་གྲངས་ག་མོད།།
མ་འོངས་ཤར་མ་ལི་ཡི་ནགས་ཚལ་ན།།
རྣམ་སྨིན་བཟོད་གླགས་མེད་པའི་འབྲས་བུ་ཡོད།།
གཉེན་པོ་སྟོབས་བཞིའི་དགོས་ནས་བཤགས་པར་འོས།།
ད་ལྟ་ད་ལྟར་ཉིད་ནས་བརྩོན་པ་བྱོས།།
ཚྭ་དམྱལ་མེ་སྲེག་དམར་པོའི་གདུང་བའི་སྐབས།།
དེ་དུས་འགྱོད་པ་སྐྱེས་ཀྱང་ཕྱི་སོང་ལོ།།
