བཀྲ་ཤིས་པའི་རྟེན་འབྲེལ་མཛད་སྒོ

 

དེ་རིང་དངོས་སུ་བཀའ་ཁྲིའི་ལས་འགན་བཞེས།།

ན་གཞོན་མཁས་དབང་ཞིག་གི་རྒྱུན་འཛིན་དུས།།

མཐོ་སྒང་བོད་ལ་རེ་བ་ཆེས་སྐྱེས་ཏེ།།

མཐོ་སྒང་ཉི་མ་སླར་ཡང་འཆར་བ་སྒུག།

དེ་རིང་མཛད་སྒོ་རྟེན་འབྲེལ་དགའ་སྟོན་ལ།།

གཞོན་སྐྱེས་སེམས་ལ་སྔ་མེད་སྤོབས་བ་དང་།།

མཐོ་སྒང་བོད་ལ་ལ་ཞེན་ཆེས་སྐྱེས་ཏེ།།

མ་འོངས་བོད་ཀྱི་ལས་དོན་བསྒྲུབ་འདུན་སྐྱེས།།

དེ་ནི་མཁས་དབང་ཁྱེད་ཀྱི་ནུས་ཤུགས་དང་།།

མི་རིགས་འདི་ཉིད་འཆི་ཁ་སྐྱོབ་བ་མཚུངས།།

བོད་པའི་ལོ་རྒྱུས་དེབ་ཐེར་དཀར་པོའི་ནང་།།

བསུ་མེད་མཁས་དབང་ཞབས་རྗེས་འཇོག་རོཊ་གནང་།།

མདོར་ན་བོད་པ་འཆི་ཉེ་དུས་སྐབས་འདིར།།

བོད་ཀྱི་མིང་ཡང་འབྲི་བརྗོད་མི་ནུས་པའི།།

ཆབ་སྲིད་གཡོ་སྒྱུས་རྙི་ལ་ཐར་བ་དང་།།

བཙན་པོའི་གདུང་བརྒྱུད་མིང་གཞུང་མ་བརླག་རོགས།།

༢༠༡༡༨༧ ཉིན་བྱེད་དུ་སུག་བྲིས་བགྱིས།