དུར་ཐང་མཇལ་སྐབས
ཕྱོགས་ཕྱོགས་མཐའ་མཐའ་ནས་འདུས་ཡོང་བའི
མི་ཚོགས་མང་པོ་ཞིག་གིས་རོལ་དབྱངས་དེའི་བྱུང་རིམ་ལ་ཞིབ་བཤེར་བྱས
འོན་ཀྱང རོལ་དབྱངས་དེའི་མདུན་ལྗོངས་ན
འོད་ཀྱིས་འཁྱུད་པའི་ཕ་ཡུལ་གྱི་རྩ་ཐང་དང
དྲག་ཏུ་སྡང་བའི་ཡར་ཀླུང་གཙང་པོའི་རླབས་སྒྲ
གནམ་ལ་འཕྱོ་བའི་ཇོ་མོ་གླང་མའི་གཟི་བྱིན་སོགས
ཡོད་པར་མ་རྟོགས་པའི་ཡར་སྔོན་ཏེ
དེ་རིང་གི་ཉིན་མོ་འདི
ཅི་འདྲའི་སྐྱི་གཡའ་བ་ལ་ཨང
༢༠༡༡ ༨ ༩