ཨ་མ་དྲན་གླུུ

ལོ་གསུམ་བྱིས་པའི་དུས་སུ།།

བརྩེ་བའི་གཅེས་སྐྱོང་བྱས་ཚུལ།།

ད་ལྟ་ཡིད་ལ་བསམ་ན།།

སེམས་པ་རྒྱ་རུ་ཚུད་འགྲོ།

མ་གའི་སྡེ་གྲོང་དཀྱིལ་ན།།

མཉམ་འཛོམས་མ་བུ་མཐོང་དུས།།

མ་བྲལ་བུ་ཆུང་ང་ཡི།།

ཡིད་སེམས་གཏིང་ནས་སྐྱོ་བྱུང་།།

ས་མཐའི་གྲུ་ཁ་འདི་ནས།།

ཨ་མའི་སྣང་བརྙན་དེ་ལ།།

ཡང་ཡང་བལྟ་འདོད་སྐྱེས་ཀྱང་།།

མིག་ཟུང་མཆི་མས་བརླན་འགྲོ།

དྲན་དྲན་ཨ་མ་དྲན་བྱུང་།།

ཨ་མའི་ལག་ཟས་དྲན་བྱུངྲ་།།

དྲན་པའི་དུང་སེམས་ཀློང་ནས།།

དྲན་གླུ་རིང་མོ་ཤོར་སོང་།།

༢༠༡༡ ༨ ༡༠