བོད་ནང་ནས་བཀའ་ཁྲིའི་དམ་འབུལ་ལ་ཕུལ་བའི་ཤིས་ཚིག
ཁྱེད་ནི་ལོ་རྒྱུས་རང་བཞིན་ཅན་གྱི་མི༎
ཁྱེད་ནི་བོད་པའི་སྙིང་གི་ཕྱེད་ཀ་ཡིན༎
ཁྱེད་ནི་གདོན་འདྲེ་ཞིག་གི་ཟློག་ཟླ་སྟེ༎
ཁྱེད་ཀྱི་དཔའ་སྟོབས་ལྡན་པའི་རི་བོ་རེད༎
གངས་རིའི་སེང་གེ་ཁྲི་ལ་འཁོད་པ་ཡིན༎
གངས་རིའི་རང་ཁྱིམ་གསར་པ་འཛིན་པ་ཆེ༎
གངས་སེང་བུ་ཕྲུག་བདེ་ལ་བབས་པ་ཡིན༎
གང་བྱས་ལས་རྣམས་འགྲུབ་པའི་སྨོན་འདུན་ཞུ༎
བོད་ནང་གི་བོད་མི་ཞིག་གིས་མཁས་དབང་བློ་བཟང་སེང་གེ་མཆོག་གི་བོད་ཀྱི་སྲིད་སྐྱོང་དམ་འབུལ་དང་བསྟུན་ནས་ཆེད་བསྟོད་ཕུལ་བའི་སྙན་ཚིག་འདི་ཉིད། སེར་ཤུལ་དཀོན་མཆོག་གིས་ཨེ་ཤའི་ཡ་རང་དབང་ཐད་གཏོང་རླུང་འཕྲིན་སྒྲ་ལམ་ནས་ཕབ་བཤུས་བྱས།
