གྱེས་གདུང་གི་ན་ཟུག
མཚན་མའི་རྨི་ལམ་ངོགས་ནས་ཁྱོད་མཇལ་ཏེ།།
དགའ་བའི་སྙིང་གཏམ་གླེང་བའི་རྣམ་པ་རྨིས།།
ཐོལ་བྱུང་རླུང་བུ་བསམ་གནག་ཤུགས་ཀྱིས་ལྡིང་།།
སྐྱིད་པའི་དེ་ཡང་དལ་གྱིས་དཀྲོགས།།
གྱེས་པའི་ཉིན་མོར་བསམ་བློ་འདྲ་མིན་ཞིག།
ག་ལེར་བསྡད་ན་བག་ཡངས་བདེ་བར་འཁུམས།།
སྐྱོ་ལ་སྡུག་པའི་རྨི་ལམ་རིང་མོ་ཞིག།
ལུས་སེམས་སོ་སོར་མ་བྲལ་བར་དུ་མྱོང་།།
ཁྱེད་ལ་འཕྲད་པའི་ལོ་ཟླ་དུས་ཀྱིས་བདས།།
གྲོགས་ཁྱེད་དྲན་པའི་སེམས་ཁམས་སྐྱོ་བས་བཀང་།།
གང་ལྟར་ཁྱེད་ལ་འཁྲེངས་བའི་མྱ་ངན་འདིས།།
སྒྱུ་མའི་སྣང་བརྙན་དེ་ཡང་རིད་ཅིང་རྒུད།།
དྲན་གདུང་མེ་རི་འབར་བའི་དུས་ཚིགས་སུ།།
གང་ལ་བལྟས་ཀྱང་སྐྱོ་བའི་ཉམས་ཤིག་མངོན།།
ཡོད་ཚད་གཅིག་པུར་ལུས་པའི་སྣང་ཚུལ་ཞིག།
ང་ཡི་སྙིང་གི་ཁོང་ནས་འགོག་མེད འཆར།།
༢༠༡༡ ༨ ༡༥