བླ་རྒན་ཞིག་གི་གསང་བའི་འཁྲབ་སྟོན་ཕྱིར་ཕུད་བྱེད་སྙིང་འདོད།
ཕར་ལྟ་ཚུལ་གྱོན་ཆས་དེ་ཡིན་ལུགས་ཚུལ་ལྡན་གྱིས་གྱོན་གྱི་ཡོད་པ་རེད་དེ། དོན་གྱི་མི་མགོ་གཡོག་ཚུལ་ལ་ཤིན་ཏུ་མཁས་པ་དེ་འདྲ་ཞིག་ཀྱང་ཡིན་པ་རེད། ཁོའི་སྤྱོད་པ་དེ་དངོས་གནས་དམ་ཆོས་འདུལ་བ་དང་རྒྱབ་འགལ་དུ་སོང་ཡོད་པ་མ་ཟད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་དེ་ལྟ་བུ་ཞིག་ཡོད་པ་མ་རེད། ད་དུང་དེས་མ་ཚད་ཕ་ཡུལ་གཅིག་པའི་གསར་འབྱོར་ཚོ་ལ་ལུང་ཚན་དང་ཆོས་ལུགས་ཀྱི་འཐེན་ཁྱེར་རབ་དང་རིམ་པ་མང་པོ་སྤེལ་ཡོད་པ་དང་། གཏོར་བཤིགས་སྣ་ཚོགས་བྱས་ཡོད་པ་རེད། རྗེས་ནས་ཁོང་གཉིས་གྲ་མ་འགྲིགས་པར་ཁར་ཁར་གྱེས་དགོས་ཐུག
བླ་རྒན་དེ་རྒྱ་གར་ལ་འོང་ནས་ལོ་གང་མང་ཞིག་ཕྱིན་ཡོད་པས་འཛིན་གྲྭ་བར་དཀྱིལ་ཞིག་ལ་སླེབས་ཡོད་པ་རེད། གྲྭ་ཆུང་དེས་ཉིན་ཞིག་ལ་ཁོ་ལ་སྡོམ་པ་ཡོད་མ་རེད། ཕ་ཡུལ་གཅིག་པའི་བླ་རྒན་དེས་ཁོ་ལ་སྤྱོད་ངན་སྣ་ཚོགས་ཤིག་བྱས་པས་རྐྱེན་གྱིས་ཁོའི་སྡོམ་པ་སྔོན་ནས་ཤོར་ཟིན་པ་རེད་ཟེར་ནས། བློ་ཕམ་དང་བཅས་པའི་ངང་ནས་གྲྭ་གོས་ཕུད་དེ་རྡ་སར་ནས་གནས་སྡོད་བྱས་ཡོད་པ་རེད།
བླ་རྒན་དེ་རྗེས་སོར་ཕ་ཡུལ་ལ་ཕྱིན་ནས་ལྷན་སྐྱེས་ཀྱིས་སྤྱོད་ངན་དེ་གང་སར་སྤེལ་བ་མ་ཟད་དཀྲུགས་ཤིང་སྣ་ཚོགས་བྱས་ནས་རང་དགོན་དང་ཉེ་ཕྱོགས་མང་པོ་ཞིག་དང་རྒྱབ་འགལ་དུ་སོང་སྟེ། འགྲོ་ས་འདུག་ས་མ་རྙེད་པར་སླར་ཡང་ཨུ་ཐུག་ནས་རྒྱ་གར་ལ་ལོག་ནས་གྲྭ་ཚང་ལ་གཡོ་སྒྱུའི་ཟློས་གར་གང་མང་ཞིག་འཁྲབ་སྟོན་བྱས། གྲྭ་ཚང་འགོ་སྐོར་བཏང་སྟེ་ཁོ་ཕ་ཡུལ་ལ་བྱིན་ནས་རང་དགོན་ལ་ཕན་ཐོགས་རབ་ཐོག་ཚུལ་མང་པོ་ལབ་ནས། ཁོ་ལ་དགེ་བཤེས་ཀྱི་མཚན་རྟགས་ཤིག་གནང་ན་གྲྭ་ཚང་དང་ཁང་ཚན་ལ་ཕན་ཐོགས་ཚུལ་དང་ཕ་ཡུལ་གྱི་རང་དགོན་སོགས་རེ་བ་ཆེན་པོ་ཡོད་རབ་མང་པོ་ལབ། ཁོ་རང་གི་འདོད་དོན་ལམ་ལྷུང་ཡོང་ཡོད་པ་རེད།
ཡང་བསྐྱར་ཕ་ཡུལ་ལ་ཕྱིན་ནས་གྲྭ་ཚང་གི་པར་དང་དགེ་བཤེས་གཏོང་སྐབས་ཀྱི་པར་རིས་དང་ཟེར་སྡེར་སོགས་བསྟན་ནས། ཁོ་རྒྱ་གར་ལ་གྲགས་སྙན་ཆེ་རབ་ཆས་ཆེ་སོགས་མང་པོ་ལབ་གླེང་བྱས་པ་ཕ་ཡུལ་ན་ཡོངས་གྲགས་རེད། དེ་ནས་ཕ་ཡུལ་གྱི་འབྲོག་པ་ཁ་ཤས་ཀྱི་བདེན་དུ་བཟུང་ཡོད་ཀྱང་། རྗེས་སོར་ཡང་རྫུན་རྐུབ་ས་ལ་ཟགས་ཡོད་པ་རེད། ཞེ་དྲག་མང་པོ་ཞིག་འཁྲབ་པའི་ལོ་རྒྱུས་མི་ལའི་འགུར་འབུམ་ཙམ་ཞིག་ཡོད་ལབ་ནའང་ཕལ་ཆེར་འགྲིག་གམ་སྙམ།
འོན་ཀྱང་ནང་བསྟན་ཆོས་ལུགས་ཀྱི་ཞབས་འདྲེན་བོད་མི་རིགས་ཀྱི་དགོན་སྡེ་ཚོའི་བསྟན་བཤིགས་དང་། ད་དུང་རྫིག་མདོག་དང་ཆེ་མདོག་སྣ་ཚོགས་བྱས་ནས་དགོན་བདག་ཡོད་ཚད་དགེ་སློང་ཡིན་དགོས་ཞེས་ཅ་ཅོ་སྣ་ཚོགས་བསྒྲགས་ཏེ། སྨྱོན་པ་ཁོ་བོ་ཡིབ་ནས་ཆགས་སྤྱོད་འདྲ་མིན་གྱི་ལས་རིགས་ལ་ཞུགས་ཚུལ་ཧ་ཅང་མང་པོ་གླེང་རྒྱུ་ཡོད་པ་དང་། སྤྱོད་ངན་གྱི་རིགས་མང་པོ་ཞིག་ལྐོག་ནས་ཆེད་དུ་བྱ་བའི་གདུལ་བྱ་འགའ་ཞིག་ལ་མཛུབ་ཁྲིད་བྱས་ཚུལ་གྲངས་ལས་འདས་པ་ཞིག་ཀུན་གྱིས་ཁ་ནས་རླུང་ལྟར་ཏུ་མཆེད་བཞིན་ཡོད།
འདི་འདྲ་འདིའི་རིགས་ལ་སྔོན་འགོག་དང་མཚང་ཕུད་མ་བྱས་ན། ཧམ་པ་ཆེ་རུ་འགྲོ་བ་དང་དགོན་སྡེ་ཁག་གི་བསྟན་སྲོག་རྩ་མེད་དུ་གཏོང་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པས་དམར་བཤད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་དྲན་གྱི་ཡོད། ཕྲན་བདག་གིས་སྤོབས་པ་དང་ཤ་ཞེན་གྱིས་ཚུལ་དུ་སྒྲོ་བཏགས་ཀྱིས་མ་དཀྲིས་པར་དྲང་བརྗོད་ཀྱིས་ལམ་ནས་སུག་བྲིས་བགྱིས་སོ།།
