༄༅།། འདི་ཡིན།
སྟག་རྣ་དང་གཟིག་རྣའི་རི་བོ།། གསེར་མཚོ་དང་དུང་མཚོའི་མཛེས་བཀོད།།
སེ་བོ་དང་དོམ་ཆེན་རི་བཀྲ།། སྤྲང་འཁྱམ་གྱི་ཕ་ཡུལ་འདི་ཡིན།།
རྔ་ལ་དང་འབྲོང་རིའི་བརྗིད་ཉམས།། གསེར་ཆུ་དང་སྙི་ཆུའི་འཛུམ་འགྱུར།།
སྙི་ཐང་དང་གསེར་མོའི་ཐང་ཆེན།། གསེར་ལྡོམ་གྱི་ཕ་ས་འདི་ཡིན།།
༢༠༠༡༡ ༨ ༡༦
