སེམས་ཀྱི་དྲན་ཤིང
འོད་སྟོང་འཕྲོ་བའི་རྨི་ལམ་རིང་མོར།།
འཁྲེང་ཞེན་ཆེ་བའི་བཙན་པོའི་བུ་རྒྱུད།།
བསམ་གཞིག་ལྕི་མོའི་རྡོག་ཁྲིས་ཁུར་ནས།།
དལ་བ་ལད་བུར་དབྱངས་ལ་བཞུད་སོང་།།
ཕ་ས་སྨུག་པོའི་སླུ་བྲིད་དབང་གིས།།
ཚེ་སྲོག་ཕྲ་མོ་གཏའ་མར་བཞག་པའི།།
དབྱིངས་ལ་བཞུད་པའི་སྐར་མ་འོད་ཆེན།།
ནམ་ཡང་བརྗེད་མེད་སེམས་ཀྱི་དྲན་ཤིང་།།
ལོ་རྒྱུས་ཆུ་རྒྱུན་རིང་མོའི་ཁྲོད་ན།།
ལྷང་ངེར་འགྱིང་བའི་དུས་མཐའི་རྡོ་རིང་།།
གསར་དུ་བསྐྲུན་པའི་གདོང་དམར་བུ་ལོ།།
ཁྱེད་ཀྱི་ཞབས་རྗེས་ཡིད་དྲན་ཡོད།།
ཕ་རོལ་དགྲ་བོ་ཅིག་ཆར་བརླགས་པའི།།
འབར་གས་ཆེན་མོ་བདག་ལ་མེད་ཀྱང་།།
ངོ་དགའ་སྤྲེལ་ལྷད་ནམ་ཡང་མི་བྱེད།།
ཁ་བའི་བུ་ཁྱེད་སེམས་བདེ་གྱིས་ཤིག།
༢༠༡༡ ༨ ༡༩
