སྲིད་འཛིན་དང་བུ་གཉིས་ཀ་རག་མི་འདུག
བཀས་བཀོད་བརྒྱུད་འཛིན་གྱི་གཞུང་འགོ་རྟིང་སློག་ཐབས་སུ། ལས་འགུལ་བ་ཚོས་རིམ་གྱིས་མདུན་བསྐྱོད་བྱས་ཏེ་ཁ་སང་རྒྱལ་ས་ཊིར་པཱོ་ལིའི་ནང་འབྱོར་སོང། དེ་ནས་སྲིད་འཛིན་བསྡད་སའི་ཁང་ཆེན་མཐའ་བསྐོར་ནས་ལས་འགུལ་སྤེལ་བཞིན་ཡོད་རུང། ད་དུང་ཡང་སྲིད་འཛིན་དང་བུ་གཉིས་ཀ་རག་མི་འདུག ད་ལྟའི་བར་ལས་འགུལ་སྤེལ་བའི་རིང་ལ་མི་གྲངས་༤༠༠ ཤི་ཡོད་པ་དང། མི་གྲངས་༢༠༠༠ ལ་རྨས་སྐྱོན་བྱུང་ཡོད་པ་རེད། གཅིག་བྱས་ན་དེ་རིང་དགོང་མོར་སྲིད་འཛིན་ཕྱིར་འཐོན་པའམ་ཡང་ན་རང་ཤི་བརྒྱབ་པ། ཡང་ན་སྲོག་ལ་ཐུག་ཀྱང་འཛིང་གི་རེད་ཅེས་བྷི་བྷི་སིའི་གསར་འགོད་པས་ས་གནས་ནས་གནས་ཚུལ་སྤེལ་སོང། དེ་རིང་ཞོག་པའི་མཚམས་དེ་ནས་མུ་མཐུད་དེ་ཁོང་གི་སྐོར་ལྟ་འདོད་ཤིན་ཏུ་ཆེ་ལགས། དྲ་གྲོགས་རྣམ་པ་ཚོས་ཀྱང་གཟིགས་རྒྱུ་བརྗེད་མི་རུང། ༢༠༡༡ ཟླ་༨ ཚེས་༢༦ ཉིན་རྒྱབ་ཚོུད་༤།༤༥ ཐོག་བྲིས། དུས་ཚོད་ཀྱིས་ཞུ་དག་མ་བྱུང་བས་དགོངས་འགལ་མེད་པར་ཞུ།
