རྩམ་སྒྲུང

དུས་བཞི་ཐོག་མར་དཔྱིད་ཀྱི་དུས་སུ་ས་གཞི་དྲོད་ཁུག་རྩི་ཤིང་རྣམ་འཛུམ་ཁ་དགོད་འབྲུ་རིགས་གསོས་སུ་འདེབས་པའི་དུས་ཡིན་སྟབས་མི་རྣམས་དལ་ཁོམས་མེད་ཅིང་ལས་སུ་བྲེལ་བའི་དུས་ཞིག་ཡིན།དབྱར་ཟླ་བ་གསུམ་གྱི་རིང་ནམ་མཁའི་ཆུ་འཛིན་ཁུར་དུ་དོག་པས།ས་གཞིར་ཟླུམ་པོ་ཆར་གྱིས་རླན།རང་བྱུང་ཁོར་ཡུག་ལང་ཚོ་སྤུད་པའི་དུས་ཚོད་ཞིག་ཡིན་སྟབས་མི་རྣམས་ལ་སེམས་ནང་ལ་སྤྲོ་ཉམ་དཔག་མེད་བྱིན་ལ་དེ་དང་མཉམ་ད་དབྱར་ལས་བྲེལ་ཡང་ཆེན་པོ་ལྡན།སྟོན་གྱི་དུས་སུ་ཡུལ་ཁམས་ཁོར་ཡུག་གཟི་མདངས་ཉམ་པའི་མི་བཞིན་བགྲེས་ཉམས་འཕྱུར་ལ།སྤང་རིའི་མཐོན་པོའི་མགོ་བོ་སེར་པོ་འགྱུར་ཞིང་།མཉེན་ལྕུག་འཁྲི་ཤིང་ལག་པ་མཁེྲེགས་ཤིང་གོབ།སྟོན་དུས་ནི་དབྱར་གྱི་འབྲས་བུ་གཡུར་དུ་ཟ་བའི་དུས་ཡིན་སྟབས་འབྲས་ལྡན་སྐྱེ་རིགས་དངོས་པོ་ཚར་དུ་དངར་བས་མི་རྣམས་གསོན་ཉམ་གྱི་རྣམ་འགྱུར་ཆེས་ཆེར་མངོན།དགུན་གསུམ་རི་ལུང་ཚང་མ་གྲང་བས་སྡམ་པས་མི་རྣམ་དབྱར་རས་རྐྱང་གོས་རྐྱང་གི་ཆས་ལུགས་ལས་ལྡོག་སྟེ་བྷ་ལེ་བྷོ་ལེ་ཡ་ལེ་ཡོ་ལེ་བྱེད་བཞིན་འགུལ་སྐྱོད་ཀྱང་དཀའ་བའི་ཚོད་དུ་ཡོད།ཡིན་ཡང་དོན་དུ་སེམས་ནང་དགའ་སྤོབས་དང་སྤྲོྲ་ཉམས་ནི་ཧ་ཅང་ལྡན་པ་ཞིག་སྟེ།རང་སོ་སོའི་འདོད་ཐོག་ཏུ་རང་འདོད་རྟ་ཕོ་རྒྱུག་པ་ལྟར་རྒན་གྲས་ཕོ་མོ་རྣམས་ལ་ལས་བཟོ་ལ་ཞུག་ཤིང་ལ་ལས་ཐག་དང་བལ་ལས་སོགས་འཚོ་བའི་འདུ་འགོད་ལྷོད་དལ་ངང་བསྒྲུབ་པ་དང་།ན་གཞོན་བིྱས་པ་ཕོ་མོ་སོགས་གང་འདོད་རྩེད་འཇོ་རོལ་ཞིང་ལ་ལས་བློ་མཐུན་པ་གྲོང་རོགས་ཀྱི་བུ་ཕྲུག་དང་ལྷན་དུ་སྐབས་སྐབས་སུ་འདུས་མོ༼་་་སྤྲོ་སེང་༽ ་བྱེད་འདི་དག་དག་ནི་བོད་ཁམས་གནམ་གཤིས་ཁོར་ཡུག་ལ་བརྟེན་པས་སྤྱིའི་འགྲོས་ཞིག་ཡིན། ཡུལ་ལུང་པད་མ་སྡེ་ཚོགས་ཀྱི།རང་བྱུང་བཀོད་པའི་མཛེས་རིས་དང་།ལོ་རྒྱུས་ལྡན་པའི་རིགས་རུས་ལ།སྟོར་རླགས་ཐེབས་པའི་སྐོར་ཚོགས་བཤད།རིགས་རུས་ལོ་རྒྱུས་ཡུན་རིང་ལྡན་པའི་ཡུལ་པད་མ་སྡེ་ཚོགས་ཀྱི་སྐོར། དང་པོ་ཡུལ་འདིའིཆགས་དབྱིབ་ལ་མཚོན་ན་ཆེས་ཉམས་དགའ་བའི་མཐོན་པོའི་བློ་ཡིས་མཛེས་རིས་བཏབ་པ་བཞིན་མི་ཡུལ་འདི་ཆེས་མཐོང་དཀོན་པའི་ཚོད་དུ་ཡོད།ས་འཛིན་རི་བོ་མཐོན་པོ་རྣམས་པད་འདབ་ལྟར་མཐའ་གྲ་མཉམ་ཞིང་།མཐོ་དམན་ཡང་འདུན་ངོས་སུ་གནམ་འདེགས་ཀྱི་ཀ་བ་བཞིན་ཡར་བལྟས་ཚེ་མགོ་བོ་གྱེད་དུ་འདེགས་ནས་བལྟ་དགོས་པ་དེ་འདྲ་མིན་པར་ཁ་དབེྱ་རན་པོའི་ཚོད་དུ་གནས་ཡོད་།རི་བོ་མཐོ་ཤོས་འགའ་འགའི་མིང་སྨྲོས་ན་ཤར་རྒྱལ་དུང་རི་དང་གཡུ་ལྷ་གད་མཛོད་སོགས་ཡུལ་འདིའི་སྡེ་ཚོགས་ཀྱི་ཤར་ངོས་སུ་འགྱིངས་ངེར་གནས་ཡོད།རི་ཆེན་ཤར་རྒལ་དུང་རིའི་འདི་ལ་ལོ་རྒྱུ་ཡང་བཤད་ན་ཉན་སྤྲོ་བ་བྲིས་ན་ཀློག་འདོད་པའི་ཉམས་ལྡན་གྱི་ལོ་རྒྱུས་རིང་མོ་ལྡན་རུང་སྐབས་སུ་མི་བབས།མིང་འདོགས་ལུགས་ནི་སྡེ་ཚོགས་འདིའི་ཤར་ཕྱོགས་སུ་མི་རྐྱང་རྐང་བགྲོད་བྱས་ན་ཆུ་་ཚོད་འཁོར་ལོ་རིལ་པོ་གསུམ་གྱི་ས་ཚིག་དུ་རི་བོ་རྩེ་མོ་ནས་སྐེད་པ་བར་དུ་གངས་དང་གངས་འཁྱག་གིས་རིལ་པོ་བཏུམ་པས་རྒྱང་ནས་བལྟས་ཚེ།དུང་ལྟར་ཁྲ་ལྡོག་ལྡོག་ཏུ་གནས་ཡོད་པས་མི་རྣམས་ཀྱི་དེ་ལྟར་བརྗོད་ཡོད་ངེས་།དེ་འོག་གཡུ་ལྷའི་གད་མཛོད་སོགས་རི་ཆེན་རྣམས་ནི་རྩེ་མོ་དུང་གི་ཏོག་ལྟར་གངས་འཁྱག་གིས་དུས་བཞིར་ཁྲ་ལེམ་ལེམ་དུ་བཏུམ་ཞིང་སྨུག་པ་དང་ན་བུན་མཁིགས་པའི་མཁའ་དབུག་གིས་དབྱར་ཚ་ལྡན་དུས་སུ་མཇམ་མཉེན་བལ་གྱིས་འཐག་པའི་སྐེ

 

་བཀྲིས་བཞིན་ཁྲ་ལམ་སེ་རི་རྩེ་སྐོར་བཞིན་བཞིན་པར་བལྟས་ན་ཕལ་ཆེར་སེམས་ལྡན་མི་ཞིག་དང་མཚུངས་པའི་ཚོད་དུ་གནས།་དེ་འོག་རྫ་གཡའ་སྤང་སོགས་ཀྱི་མཇའ་རིས་ལྟར་ནར་མར་བསྐོར་ཡོད་པས་དེང་གིས་དུས་དཔར་རིས་བརྙན་ལེན་པའི་སྡེ་ཁག་རྣམ་ཡིད་དབང་འཕྲོག་ཤོས་སུ་ཡོད་