བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་སྐུ་གཤེགས་པ།

juchen thubtensamdhong rinbochieབཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནི། ཁམས་སྡེ་དགེ་རྨེ་ཤོད་དུ་འཁྲུངས་ཤིང་། བཙན་བྱོལ་དུ་འབྱོར་ནས་སྦེལ་ཀོབ་གཞིས་ཆགས་རྙིང་པའི་གཞིས་གྲོང་གཉིས་པའི་བརྒྱ་དཔོན་སོགས་ཀྱི་ལས་དོན་བསྒྲུབས་ཡོད་པ་དང་། དེ་ནས་རིམ་བཞིན་མདོ་སྟོད་སྤྱི་འཐུས་དང་། སྤྱི་འཐུས་ཚོགས་གཙོ་དང་། བཀའ་བློན་དང་བཀའ་བློན་ཁྲི་པ་བཅས་ཀྱི་ཕྱག་ལས་རྒྱུན་རིང་གནང་ཡོད་པ་དང་། བོད་རྒྱ་ཞི་མོལ་གཟིགས་སྐོར་སྐུ་ཚབ་དང་། བོད་རྒྱ་ཞི་མོལ་རྟོག་ཞིབ་སྐུ་ཚབ་སོགས་ཀྱི་ཐུགས་འགན་བཞེས་ནས་རྒྱ་ནག་ཏུ་ཐེངས་མང་ཕེབས་ཡོད་པ་སོགས་སྐུ་ཚེ་གང་ལ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཞབས་ཞུ་བར་མ་ཆད་དུ་བསྒྲུབས་པའི་མཛད་རྗེས་ཅན་ཞིག་ཡིན་པ་རེད། ཁོང་གི་ལོ་རྒྱུས་ཞིབ་ཙམ་རྗེས་སུ་ངོ་སྤྲོད་ཞུ་རྒྱུ་ཡིན།།

{jcomments on}