སྲིད་དབང་དང་གཅེས་སྲོག་འདེམས་ཁ་རེད།
དེ་བཞིན་ཆབ་སྲིད་ཚོགས་པ་བྱུང་མྱོང་མེད་ལ་རང་དབང་ཅན་གྱི་མི་མང་གི་ཚོགས་པ་དང། རང་དབང་ཅན་གྱི་གསར་འགོད་གྱི་བརྒྱུད་རིམ་ཡང་མེད། བརྒྱུད་རིམ་འདི་དག་ལི་བྷི་ཡའི་ལུང་པའི་ནང་ཇི་ལྟར་འཛུགས་ཐབས་བྱེད་རྒྱུ་དེ་རྒྱལ་ཚོགས་ཀྱི་འོས་འགན་དང། ངའི་རྒྱལ་ཁབ་ཀྱི་མི་མང་ལ་དགོས་མཁོ་ཆེ་བའི་གནད་དོན་ཞིག་ཆགས་ཡོད་ཅེས་གསུངས་ཡོད་པ་རེད། རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Ban Ki-moon མཆོག་གིས། ད་ལྟའི་སྐབས་ལི་བྷི་ཡའི་མི་མང་ལ་དགོས་མཁོ་ཆེ་བའི་བཟའ་ཅ་དང། རྒྱལ་སའི་ནང་གི་མི་མང་བརྒྱ་ཆ་ ༦༠ ལ་འཐུང་ཆུ་མི་རག་པའི་དཀའ་ངལ། རྨས་མ་རྣམས་ལ་སྨན་གྱི་མཐུན་འགྱུར་སོགས་དཀའ་ངལ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་སྐོར་རྒྱལ་ཚོགས་སུ་ཞུ་གཏུགས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པས། རྒྱལ་ཚོགས་དང་ཡུ་རོབ་མཉམ་འབྲེལ་གྱི་དགོས་མཁོ་མཐུན་སྦྱོར་ལྷན་ཁང་གི་ངོས་ནས། སྲིད་འཛིན་གྷ་དྷ་ཕྷི་ལ་རྒྱབ་སྐྱོར་བྱེད་མཁན་ཚོས། མི་མང་གི་དགོས་མཁོའི་བརྒྱུད་ལམ་བཀག་འགོག་བྱས་པར་འགན་ལེན་བྱེད་དགོས་པའི་སྐུལ་མ་བྱས་ཡོད་ཅེས་གསུངས་ཡོད་པ་རེད།
དབྱིན་ཡུལ་དང་ཕྷི་རན་སི། འཇར་མིན། དེ་བཞིན་འཇར་མིན་གྱིས་རེ་སྐུལ་ཞུས་པ་བཞིན་ཨུ་རུ་སུའི་ངོས་ནས་རོགས་རམ་བཅས། ཨ་སྒོར་དང་ཡུ་སྒོར་ས་ཡ་མང་པོའི་རོགས་རམ་གྱི་ལས་འཆར་བསྒྲིགས་ཡོད་ཀྱང་། མང་པོ་ཞིག་བཀག་འགོག་བྱས་ཏེ་མི་མང་གི་ལག་ཏུ་འཕྲོད་ཐུབ་མེད་པ་དང། གྱེན་ལངས་པ་ཚོས་སྲིད་འཛིན་གྱི་ཕ་ཡུལ་མཐའ་བསྐོར་ནས། ཟླའི་ཚེས་༣ སྟེ་རེས་གཟའ་སྤེན་པའི་བར་ལི་བྷི་ཡའི་རྒྱལ་ཁབ་ཀྱི་སྲིད་འཛིན་གྷ་དྷ་ཕྷི་འགོ་བཏགས་ཞུ་རྒྱུའི་དུས་ཚོད་སྤྲད་ཡོད་པ་དང། དེ་མིན་ན་དྲག་པོའི་དམག་དཔུང་གིས་འཐབ་རྒོལ་བྱེད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཡིན་ནའང་སྲིད་འཛིན་ད་ལྟའི་སྐབས་ཕ་ཡུལ་ Sirte དུ་ཡིབ་ཡོད་མེད་དོགས་པ་བྱེད་ཀྱི་ཡོད་པ་དང། གལ་ཏེ་མེད་ན་ས་ཆ་ Sabha, or Bani Walid, འདི་ཚོའི་ནང་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པས། གྱེན་ལངས་པར་རྒྱབ་སྐྱོར་བྱེད་མཁན་མི་སྣ་གནད་ཡོད་ཚོས། ཡིབ་སྡོད་ཀྱི་ས་ཆ་དོགས་གཞི་ཅན་ཇི་ཙམ་མང་ན་དེ་ཙམ་དུ་བཀས་བཀོད་རྒྱུད་འཛིན་པ་གྷ་དྷ་ཕྷི་འཇུ་བཟུང་ཐུབ་པའི་རེ་བ་ཆེ་བ་རེད་ཅེས་བརྗོད་ཡོད་པ་རེད།
ལི་བྷི་ཡའི་སྲིད་འཛིན་བཀས་བཀོད་རྒྱུད་འཛིན་པ་གྷ་དྷ་ཕྷིའི་ནང་མི་ཁྱིམ་མཚེས་རྒྱལ་ཁབ་ཏུ་སྐྱབས་བཅོལ་ལ་སོང་ཡོད་རུང། ཁོ་རང་ད་དུང་གང་དུ་ཡོད་མེད་ཤེས་རྟོགས་བྱུང་མེད་པ་དང། ལོ་གྲངས་༤༠ རིང་རང་ཉིད་ཀྱི་གཞིས་ཀ་ལྟ་བུའི་ལི་བྷི་ཡའི་ས་ཁྱོན་དང་མི་མང་ནི། བཀས་བཀོད་རྒྱུད་འཛིན་པ་དེའི་སྲོག་ལས་ཀྱང་གཅེས་པ་འོས་པ་ཞིག་ཏུ་གྱུར་ཡོད་པ་རེད། ཟླ་གྲངས་འགའི་རིང་གི་གྱེན་ལོག་ཆེན་པོ་དེ་ནི་རྨི་ལམ་དང་འདྲ་བ་གློ་བུར་དུ་བྱུང་བ་ཞིག་ཡིན་པས། ད་ལྟའི་སྐབས་ཁོ་རང་ལ་མཚོན་ན་ལུང་པ་དེའི་ཕ་རྒན་ལྟ་བུ་ཞིག་ཏུ་ཚོར་བཞིན་ཡོད་ཀྱང། ཕ་རྒན་མ་ཤིའི་སྔོན་དུ་ནང་ཚང་གི་ས་ཁྱོན་དང་མི་འབོར། དབང་འཛིན་པ་སུ་ཡོང་མིན་ཐད་ལ་ད་ལྟ་ནས་འཆར་འགོད་བྱེད་བཞིན་ཡོད་པ་རེད། ཟླ་སྔོན་མའི་ཚེས་༣༡ ཉིན་བྲིས་ཡོད་ཀྱང་དྲ་ལམ་ཡག་པོ་མེད་པས་བཀོད་ཐུབ་མ་སོང།
