འདི་ལྟར་འབྱུང་ཚེ་ད་གཟོད་རྗེན་པ་ཡིན།

མནོ་བསམ་རྗེན་པའི་རྒྱབ་ལྗོངས་དབེན་བྱས་ན།།

སྟོང་བསམ་ལམ་ནས་མུན་ཞིང་འགྲེང་སྟངས་འདིར་།།

གང་ཞིག་རྐྱེན་ངན་འཕྲད་པའི་སྔ་བལྟས་ལས།།

ཅི་ཞིག་བརྙེད་པའི་སེམས་ཚོར་བསླེབ་མི་སྲིད།།


ངོ་གདོང་ཁྲག་གིས་སྦག་པའི་ཕྱི་ཉིན་ནས།།

རང་གིས་རང་ལ་ལྐོག་ཏུ་མ་གྱུར་མོད་།།

རང་ཉིད་བདེན་པར་མཐོང་བའི་ཕྱི་ཚུལ་ན།།

རྗེན་པའི་ངོ་བོར་གྲུབ་པ་གཅིག་ཀྱང་མེད།།


ལས་དབང་ནག་པོའི་བཀས་བསྐོས་མཚར་པོ་འདིས།།

རང་རང་ངོ་རུ་གྲུབ་སྟངས་མཁྲེགས་པོ་རེ།།

འདི་བདེན་འདི་རྫུན་ཞེས་བྱའི་སྡོམ་ཚིག་སྟེ།།

དབང་ཆེན་ཚངས་པ་ཡིན་ཡང་དགོད་མི་ནུས།།


དེའི་ཕྱིར་ཀྱག་ཀྱོག་ཆེ་བའི་འགྲུལ་བཞུད་ཁྲོད་།།

བསམ་གཞིཊ་དབེན་པའི་བསྒྲཊ་གཏམ་མ་སྤེལ་བར་།།

ཁེར་ཚུགས་རུས་རྐང་ཅན་གྱི་མི་ཞིག་བྱོས།།

འདི་ལྟར་འབྱུང་ཚེ་ད་གཟོད་རྗེན་པ་ཡིན།།

 

དྲང་བདེན་དང་ལས་རྒྱུ་འབྲས་ཁས་མི་ལེན་མཁན་གྱི་དེང་རབས་ཉེར་གཅིག་པའི་དུས་རློམ་ནས་གང་འདྲེས་འདྲེས་ཀྱི་བྱ་སྤྱོད་ངན་པ་སྤེལ་མཁན་དག་ལ་ཆེད་དུ་ལི་ཐང་སྨྱོ་པ་མིང་ཅན་འདིས་རང་ཤག་ནས་ཐོལ་བྱུང་དུ་སྤེལ་ལོ།།