ལྷོ་མཐའི་ཆར་ཞོད།
ཆད་དུས་མེད་པའི་ལྷོ་མཐའ་ཡི་ཆར་ཞོད།
ཁ་སེང་དེ་རིང་ཆ་ཞོད་ཀྱི་ཁྲོད་ན།
མང་གཙོའི་རང་དབང་དུས་དྲན་གྱི་ཉིན་མོར།
བགྲོད་བདེའི་རང་དབང་གོ་སྐབས་དེ་སྟོར་སོང་།།
།
ཆད་དུས་མེད་པའི་ལྷོ་མཐའི་ཡི་ཆར་ཞོད།
སང་དང་གནང་ཡང་འབབ་རྒྱུན་དེ་རིང་ན་།
ལས་ལ་བརྩོན་པའི་ཁྱིམ་ཚང་ཚོའི་བདེ་སྡུག།
དཀའ་ངལ་ཆེ་བའི་འཇིག་པ་ཞིག་སྟེར་ངེས།།
ཆད་དུས་མེད་པའི་བཙན་གནོན་གྱི་ཆར་ཞོད།
མགོ་ནག་མི་ཡི་བདེ་སྐྱིད་དེ་སྟོར་ཚེ།
ལས་འབྲས་རླུང་གི་རྒུ་བ་དེ་འཁྲུག་ནས།
ཁྱེད་ཀྱང་ནམ་ཞིག་ཕམ་ཁ་ཞིག་འཁུར་ངེས།།
