རྣམ་རྟོག་རྒོད་པོ།

རྒྱང་བལྟ་མགོ་བོའི་མིག་གིས།

ཡོདཚད་སེམས་ནང་འདྲེན་གིན།

བྱ་སྤོྱ་འཆོལ་བ་མང་པོས།

དུས་ཚོད་བསྐྱལ་ནས་འགྲོ་གི།

 

རྣམ་རྟོག་རུལ་བ་འདི་ལ།

སོས་པའི་དུས་ཤིག་མི་འདུག་།

ཡང་ཡང་ལོ་མང་ཕྱིན་ཀྱང་།

སེམས་ནས་རུལ་སོང་དྲོ་ཀི།

 

རང་ཉམས་རྣམ་རྟོག་མ་ཆུན།

དམ་ཆོས་སྒྲུབ་པའི་གནས་ཀྱང་།

འདུ་འཛི་ལང་ལོང་གཡོ་བའི།

འཁྲུགས་པའི་གནས་ཤིག་མཐོང་གི།

 

བསླབ་བྱ་གསུང་ཚིག་ཟབ་མོ།

ལན་གཅིག་མཇལ་བའི་མོད་ལ།

དམ་ཆོས་སེམས་པའི་རི་མོ།

ཉིན་གསུམ་སེམས་དང་འདྲེས་ཀི།

 

ཡང་ཡང་རྣམ་རྟོག་རྒོད་པོས།

ཆུ་གཤལ་སེམས་ནང་འདེབ་པས།

རི་མོ་བྲིས་པའི་གསུབ་ཁ།

གཏན་ནས་མཐོང་རྒྱུ་མི་འདུག།

 

དབེན་པ་རི་ལ་ཆེས་པའི།

སྙིང་སྟོབས་ཆར་སྤྲིན་འཐིབ་ཚེ།

རྨ་བྱས་དགའ་བས་མཇུག་མ་།

ཡང་ཡང་སྒྲེང་དང་མཚུངས་གི།

 

ཡང་ན་རིག་གཞུང་ཟབ་མོ།

རྒྱུན་འཛིན་གངས་ཅན་བོད་ཕྲུག།

གཞིས་གཞུགས་བོད་ཀྱི་ཡུལ་ན

འཕྲིན་ཡིག་བང་ཆེན་སྐྱལ་འགྲོ།།

 

ཡང་ན་རྒྱལ་ཁམས་སྐོར་བའི་

ཡར་རྒྱས་ཕྱི་ཡི་གྲོང་དུ

དངུལ་ལོར་གྲངས་འབོར་རྩིས་ནས།

དཔལ་འབྱོར་ཅན་དུ་ཆས་འགྲོ།