༄༅།། དེ་རིང་གི་རྟོག་འགྱུ་གསར་པ།

 

གངས་རིའི་འོད་མདངས་འཚེར་སའི་ཕ་ཡུལ་གསེར་ལྡན།།

ལྔ་རིག་འོ་མཚོ་འཕྱུར་སའི་གསེར་ལྡན་ཞིང་ཁམས།།

རོ་བོ་ཧི་མ་ཅལ་ན་སེམས་ཀྱི་སྐྱོ་གླུ།།

རྡ་སའི་ནགས་ལོའི་གསེབ་ནས་ཐང་མང་བཏང་ཡོད།།

མཛེས་སྟུག་བརྩེ་བ་བརྩེགས་སའི་ཁྱིམ་གཞི་དྲོན་མོ།།

སེམས་ཁོང་དཀྱིལ་ན་ལྡང་བའི་མིག་ཆུ་གྲང་མོ།།

རྡ་སའི་རི་ན་བཞུར་བའི་ལོ་རྒྱུས་རེ་རེ།།

རྩིས་འཕྲུལ་ངོས་སུ་ཕབ་པའི་དྲང་གཏམ་འདི་ཡིན།།

སྤང་ཐང་ཕ་མཐའ་བྲལ་བའི་གསེར་འཛིན་ཐང་ཆེན།།

གསེར་ཆུའི་དར་གྱི་བཞུར་སའི་ཕ་ཡུལ་གངས་ལྗོངས།།

བུ་ངའི་དྲན་པའི་གདུང་བ་སེམས་ལ་འཕྱུར་ཏེ།།

སྐྱོ་བའི་མིག་ཆུ་ཤོར་བ་ཐང་ཅིག་མ་རེད།། 20011 8 27