བཙུན་པ་ང་ནི་ངོ་མ་དགའ་བྱུང་།

གུས་པའི་དོགས་སློང་གི་བརྒྱུད་ནས་བོད་ཀྱི་བུད་མེད་དཀྱུས་མ་ཞིག་དང་ཁྱིམ་པ་ཉམ་ཆུང་ཞིག་ད་དུང་སྙན་རྩོམ་ལ་དུངས་བ་ཞིག་གིས་གཞུང་ཆེན་སྦྱོང་པའི་གྲུབ་འབྲས་མངོན་གསལ་འདི་མཐོང་ཡོང་དུས་བཙུན་པ་ང་ནི་ངོ་མ་དགའ་བྱུང་། འདི་ནི་༧རྒྱལ་བའི་དགོངས་པ་དང་ངའི་རིགས་ཀྱི་འགན་འཁྲི་ཡིན།་བུད་མེད་ཀྱི་གཟི་བརྗིད་ཀྱང་ལོས་ཡིན།ད་དུང་ཁྱེད་དང་ཁྱེད་འདྲ་བ་རྣམས་ཀྱིས་མུ་མཐུད་ནས་བརྩོན་འགྲུས་བྱོས་དང་མ་འོངས་པ་ན་བོད་ཡུལ་ཆོས་ལྡན་གྱི་རྒྱབ་ཁབ་སྤུས་མ་ཞིག་བསྐྲུན་ཐུབ་པའི་རེ་བ་འདུག

མཆན་འདོགས་པའི་སྐབས་སུ་གུས་པའི་ཀུན་སློང་གི་ཟུར་ཞིག་ལ་གལ་སྲིད་བདེན་པ་ཞིག་དང་ལན་ཞིག་འདེབས་བྱུང་ན་ཕ་ཡུལ་དང་ལོ།ལས་གནས་དང་བསྡད་གནས་སོགས་གསལ་བཤད་ཡོད་ངེས་སྙམ་ཡང་།འདིའི་ནང་སྤྱི་སྒོས་ཀྱིས་ནང་ཆོས་ཤེས་སྟངས་ལ་རྒྱས་བཏབ་པ་ལས་དོགས་སེལ་གཙོ་བོར་གནང་མ་བྱུང་།འདི་ནི་དགག་དགོས་ཆེ་ཆུང་དང་དུས་ལ་བབ་མིན་དབང་གིས་ཡིན་རྒྱུ་རེད་ལ་འདིའི་རྒྱབ་ལྗོངས་ལ་དེ་རིང་གུས་པས་ཚོད་དཔག་བྱེད་མི་འདོད།རྒྱུ་མཚན་ནི་ཁྱེད་སུ་ཡིན་མིན་དེ་སྨྱུ་གུའི་སྲོག་ཏུ་བཟུང་བར་བདག་མི་འདོད་པས་ཡིན།

ཉིད་ཀྱིས་བཤད་པ་ལྟར་ཡིད་ཆེས་པའི་ཐོག་ནས་ཞར་བྱུང་དུ་རྒྱབ་སྐྱོབ་ཀྱི་གཏན་ཚིགས་ཤིག་འགོད་ཆོག་པར་ཞུ། ཁྱོད་རང་ཆོས་ཅན།  ཁྱིམ་པའི་བུད་མེད་དཀྱུས་མ་ཞིག་ཡིན་ཏེ། བང་ཆེན་ཟིན་བྲིས་པ་བཀའ་བརྒྱུད་ཚོགས་པའི་ཁ་ལག་བཟོ་འགྲོ་མཁན་ཉིན་གང་དམར་ཟས་ཟ་ཞིང་ཡིད་མི་བདེ་བ་དེ་ཡིན་པའི་ཕྱིར།།   རྟགས་ཁྱབ་མ་གྲུབ་ན་དགོངས་དག་ཞུ།།