མ་འོངས་པའི་དམར་ཤོག་གི་གཙོ་འཛིན་ཞཱི་ཅིང་ཧྤིང་གི་ལོ་རྒྱུས་མདོར་བསྡུས།

ཞི་ ཅིང་ཧྤིང། ཕོ། རྒྱ་རིགས། ༡༩༥༣ ལོའི་ཟླ་ པར་སྐྱེས། རྒྱ་ནག་ཧྲན་ཞི་ ཧྥུ་ཕིང་ནས་རེད། ༡༩༦༩ ལོའི་ཟླ་༡ པོར་ལས་སྒོར་ཞུགས། ༡༩༧༤ ལོའི་ཟླ་ པོར་དམར་ཤོག་ཏུ་ཞུགས།ཆཱིང་ཧཱ་སློབ་སྤྱི་ཚོགས་རིག་གནས་སློབ་ཆེན་མཱ་ཁེ་ཟི་ རིང་ལུགས་དང་བསམ་བློའི་ཆབ་སྲིད་སློབ་གསོའི་ཆེད་ལས་ནས་སློབ་ཐོན་བྱུང། ལས་ གནས་ཐོག་ཡོད་པའི་ཞིབ་འཇུག་སློབ་མ་དང་ཁྲིམས་ལུགས་འབུམ་རམས་པའི་གནས་ཚད་ཡོད།

༡༩༦༩ ལོ་ ནས་༡༩༧༥ བར་ཧྲན་ཞི་ཞིང་ཆེན་ཡན་ཁྲོན་རྫོང་ཝུན་ཨན་ཡི་སྤྱི་ཁང་ལེའང་ཅ་ཧེ་རུ་ ཆེན་གྱི་གཞོན་ནུ་ཤེས་ཡོན་ཅན་དང་དམར་ཤོག་ཚོགས་པའི་འགོ་གཙོ་བྱས།

༡༩༧༥ ནས་༡༩༧༩ བར་ཆཱིང་ཧ་སློབ་ཆེན་རྫས་འགྱུར་སྡེ་ཚན་སྐྱེ་ལྡན་འདྲེས་སྦྱོར་གྱི་ཆེད་ལས་སྦྱང།

༡༩༧༩ ལོ་ནས་༡༩༨༢ ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་དང་དབུས་དམག་དོན་ལྷན་ཁང་གཞུང་ལས་ཁང་གི་དྲུང་ཡིག་ལས་ཀ་བྱས།

༡༩༨༢ ནས་༡༩༨༣ བར་ཧྰེ་པེ་ཞིང་ཆེན་ཀྲིང་ཏིང་རྫོང་གི་རྫོན་དཔོན་གཞོན་པ་ཡིན།

༡༩༨༣ ལོ་ ནས་༡༩༨༥ བར་ཧཱེ་པེ་ཞིང་ཆེན་ཀྲིང་ཏིང་རྫོང་གི་འགན་གཙོ་དང་དྲག་ཆས་སྡེ་ཚན་ གྱི་ཆབ་སྲིད་ཚོགས་མི་དང། དམར་ཤོག་ཚོགས་པའི་འགན་གཙོའི་གོ་གནས་གཅིག་ཅོག་ འཛིན།

༡༩༨༥ ལོ་ནས་༡༩༨༨ བར་ཧྥུ་ཅན་ཞིང་ཆེན་ཧྲ་མིན་གྲོང་ཁྱེར་ལྷན་ཁང་གི་རྒྱུན་ལས་དང་གྲོང་ཁྱེར་གྱི་འགན་གཙོ་གཞོན་པ་བྱས།

༡༩༨༨ ལོ་ནས་༡༩༩༠ བར་ཧྥུ་ཅན་ཞིང་ཆེན་ཉིང་ཏེ་ས་ཁུལ་ལྷན་ཁང་གི་འགོ་གཙོ་དང་ཉིང་ཏེ་ས་གནས་དམག་སྒར་དམར་ཤོག་གི་འགན་གཙོ་གཅིག་ཅོག་བྱས།

༡༩༩༠ ལོ་ ནས་༡༩༩༣ ལོ་བར་ཧྥུ་ཅན་ཞིང་ཆེན་ཧྥུ་ཀྲུའོ་གྲོང་ཁྱེར་ལྷན་ཁང་གི་འགོ་གཙོ་དང་ གྲོང་ཁྱེར་མི་མང་འཐུས་ཚོགས་རྒྱུན་ལས་ཀྱི་འགན་འཛིན། དེ་མིན་ཧྥུ་ཀྲུའོ་ས་ གནས་དམག་སྒར་གྱི་དམར་ཤོག་འགོ་གཙོ་གཅིག་ཅོག་བྱས།

༡༩༩༣ ལོ་ ནས་༡༩༩༥ ལོ་བར་ཧྥུ་ཅེན་ཞིང་ཆེན་རྒྱུན་ལས་དང་ཧྤུ་ཀྲུའོ་གྲོང་ཁྱེར་གྱི་འགོ་ གཙོ།དེ་བཞི་གྲོང་ཁྱེར་མི་མང་འཐུས་ཚོགས་ཀྱི་འགན་འཛིན། ཧྤུ་ཀྲོའུ་ས་གནས་ དམག་སྒར་དམར་ཤོག་གི་འགན་གཙོ་བཅས་བྱས།

༡༩༩༥ ནས་ ༡༩༩༦ བར་ཧྥུ་ཅེན་ཞིང་ཆེན་གྱི་འགན་གཙོ་གཞོན་པ་དང་གྲོང་ཁྱེར་ལྷན་ཁང་གི་འགན་ གཙོ། དེ་མིན་གྲོང་ཁྱེར་རྒྱུན་ལས་ལྷན་ཁང་གི་འགན་འཛིན་དང་ས་གནས་དམག་སྒར་ གྱི་དམར་ཤོག་འགན་གཙོ་བྱས།

༡༩༩༦ ནས་༡༩༩༩ བར་ཧྥུ་ཅེན་ཞིང་ཆེན་གྱི་འགོ་གཙོ་གཞོན་པ་དང་ཞིང་ཆེན་མེ་སྒྱོགས་གྲ་སྒྲིག་ཚན་པའི་དམག་སྒར་གྱི་ཆབ་སྲིད་འཐུས་མི་བྱས།

༡༩༩༩ ནས་ ༢༠༠༠ བར་ཧྤུ་ཅེན་ཞིང་ཆེན་གྱི་འགོ་གཙོ་གཞོན་པ་དང་ལག་བསྟར་འགན་གཙོ།དུས་ མཚུངས་སུ་ནཱན་ཅིང་དམར་སྒར་རྒྱལ་སྲུང་སྐུལ་སློང་ལྷན་ཁང་གི་འགན་འཛིན་གཞོན་ པ། ཧྥུ་ཅེན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཁང་གི་འགན་འཛིན།ཞིང་ཆེན་མེ་ སྒྱོགས་དམག་སྒར་གྱི་ཆབ་སྲིད་འཐུས་མི་བྱས།

༢༠༠༠ ནས་ ༢༠༠༢ བར་ཧྥུ་ཅེན་ཞིང་ཆེན་གྱི་འགན་གཙོ་གཞོན་པ་དང་ལག་བསྟར་འགན་གཙོ་བྱས་པ་ དུས་མཚུངས་ནཱན་ཅིང་དམག་སྒར་རྒྱལ་སྲུང་སྐུལ་སློང་ཁག་གི་འགན་འཛིན་གཞོན་ པ། ཧྥུ་ཅེན་ཞིང་ཆེན་རྒྱལ་སྲུང་ཁང་སྐུལ་སློང་ཁང་གི་འགན་གཙོ།ཞིང་ཆེན་གྱི་ མཁའ་འཕེན་མེ་སྒྱོགས་གྲ་སྒྲིག་དམག་དཔུང་གི་འཐུས་མི་དང་པོ་༼༡༩༩༨ ལོ ་ནས་ ༢༠༠༢ བར་ཆྰིང་ཧ་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཁང་མཱ་ཁེ་ཟི་རིང་ལུགས་རིག་ པའི་གཞུང་ལུགས་དང་བསམ་བློའི་ཆབ་སྲིད་སློབ་གསོའི་ཆེད་ལས་སྐོར་ལས་གནས་ཐོག་ ཡོད་པའི་ཞིབ་འཇུག་སློབ་མའི་འཛིན་གྲྭའི་ནང་སློབ་སྦྱོང་བྱས་ཏེ་ཁྲིམས་ལུགས་རབ་ འབྱམས་པའི་གོ་གནས་ཐོབ །༽

༢༠༠༢ ལོར་ ཀྲིའི་ཅང་ཞིང་ཆེན་འགན་གཙོ་གཞོན་པ།ཞིང་ཆེན་གྱི་ལག་བསྟར་འགན་གཙོ།དུས་མཚུངས་ སུ་ནཱན་ཅིང་དམག་སྒར་རྒྱལ་སྲུང་སྐུལ་སློང་ཁང་གི་འགན་འཛིན་གཞོན་པ། ཞིང་ཆེན་ སྐུལ་སློང་ཁང་གི་འགན་འཛིན་བཅས་བྱས།

༢༠༠༢ ནས་ ༢༠༠༣ བར་ཀྲིའི་ཅང་ཞིང་ཆེན་ལག་བསྟར་འགན་གཙོ་དང་འགན་གཙོ་གཞོན་པ། དུས་ མཚུངས་སུ་ཞིང་ཆེན་དམར་ཤོག་དམག་སྒར་འགན་གཙོ་དང་ནཱན་ཅིང་དམག་སྒར་རྒྱལ་སྲུང་ ལྷན་ཁང་འགན་གཙོ་གཞོན་པའམ་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ལྷན་ཁང་གི་འགན་འཛིན་ བྱས།

༢༠༠༣ ནས་ ༢༠༠༧ བར་ཀྲིའི་ཅང་ཞིང་ཆེན་འགན་གཙོ་དང་མི་མང་འཐུས་ཚོགས་ཀྱི་འགན་འཛིན་གཞོན་ པ།དུས་མཚུངས་སུ་ཞིང་ཆེན་དམག་སྒར་དམར་ཤོག་འགོ་གཙོ་བྱས།

༢༠༠༧ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་འགོ་གཙོ་དང་ཧྲང་ཧེ་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་དམར་ཤོག་འགོ་གཙོ།

༢༠༠༧ ནས་ད་བར་དབུས་ཆབ་སྲིད་ལྷན་ཁང་རྒྱུན་ལས་དང་དབུས་འགན་འཛིན་ཁང་གི་འགོ་གཙོ། དབུས་དམར་ཤོག་སློབ་གྲྭའི་སློབ་སྤྱི་བྱས།

༢༠༠༨ ལོར་ཀྲུང་ཧཱ་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་འགོ་གཙོ་གཞོན་པར་གདམ་ཐོན་ བྱས།

༢༠༡༠ ལོར་ དམར་ཤོག་དབུས་དམག་དོན་ལྷན་ཁང་འགན་གཙོ་གཞོན་པ་དང། ཀྲུང་ཧཱ་མི་མང་སྤྱི་འཐུས་ རྒྱལ་ཁབ་དབུས་དམག་དོན་ལྷན་ཁང་གི་འགོ་གཙོ་གཞོན་པ་ཡིན།

དམར་ ཤོག་སྐབས་བཅོ་ལྔ་པའི་དབུས་རྗེས་སྣོན་འཐུས་མི།སྐབས་བཅུ་དྲུག་དང་བཅུ་བདུན་ དབུས་ལྷན་ཁང་གི་འཐུས་མི། སྐབས་བཅུ་བདུན་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་ མི་དང་རྒྱུན་ལས།དབུས་འགན་འཛིན་ཁང་གི་འགོ་གཙོ།

སྐབས་བཅུ་གཅིག་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཀྲུང་ཧ་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་འགོ་གཙོ་གཞོན་པ་གདམ་ཐོན་བྱུང།

དམར་ ཤོག་སྐབས་བཅུ་བདུན་ཐེངས་ལྔ་པའི་རྒྱལ་ཡོངས་ཚོགས་ཆེན་དུ་དམར་ཤོག་དབུས་དམག་ དོན་ལྷན་ཁང་གི་འགན་གཙོ་གཞོན་པར་རྗེས་སྣོན་འཐུས་མིར་གདམ་ཐོན་བྱུང་ཞིང།སྐབས་ བཅུ་གཅིག་རྒྱལ་ཡོངས་མི་མང་རྒྱུན་ལས་ཐེངས་བཅུ་བདུན་པའི་ཐོག་ཀྲུང་ཧྰ་མི་མང་ སྤྱི་འཐུས་རྒྱལ་ཁབ་དམག་དོན་ལྷན་ཁང་གི་འགོ་གཙོ་གཞོན་པ་བྱས།

མཆན།༼གོང་གསལ་དམར་ཤོག་ཞིང་ཧྰ་དྲ་ལམ་ནས་ཕབ་བསྒྱུར་བྱས།༽

དྲ་འབྲེལ་ཁ་བྱང། http://news.xinhuanet.com/ziliao/2002-02/22/content_286763.htm