ཆང་དང་ཨ་རག

ད་དུང་མདོ་དེའི་ནང་དུ་ཆང་གི་ཉེས་པ་སུམ་ཅུ་སོ་ལྔ་བཤད་ཡོད་པའི་འགའ་ཞིག་ གྲངས་ཙམ་སྨྲོས་ན། ཚེ་འདི་ལ་ནོར་ཟད་པ།

ནད་རྣམས་རྒྱས་པར་བྱེད་པ། མར་མི་འཛིན་པར་འགྱུར་བ། ཕར་མི་འཛིན་པར་འགྱུར་བ། དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ།

སངས་རྒྱས་སུ་མི་འཛིན་པར་འགྱུར་བ།སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་ཞེས་སོགས་ཧ་ཅང་གི་ཉེས་པ་ཚབས་ཆེ་བ་མང་པོ་གསུངས་འདུག།

ད་དུང་༧གོང་ས་༸སྐྱབས་མགོན་ཆེན་པོའི་ཞལ་སྔ་ནསཆང་རག་ཚོད་མེད་བཏུང་པའི་རྐྱེན་བྱས་ནས་ནད་ན་ཚ་དེ་འདྲ་ཡང་ཡོང་གི་ཡོད་ས་རེད།

དེ་ཚོའི་གྲས་ཁྱོན་ནས་ཡག་པོ་མ་རེད་ཅེས་གསུངས་འདུག་པ་དང་།ད་་་་་་མིག་སྔར་སྤྱི་ཚོགས་དང་འབྲེལ་ནས་ཆང་རག་གི་ཉེས་དམིགས་སྐོར་ཅུང་ཟད་

བཤད་པ་ཡིན་ན། སྤྱིར་བོད་ཀྱི་ཁ་དཔེ་ལ།ཕོ་དམ་པ་ཆང་གིས་བཟི་རུང་།དོན་དམ་པ་རླུང་ལ་མི་བསྐུར་ཟེར་བ་ཞིག་ཡོད་ཀྱང་། ཆང་རག་ལ་དགའ་བའི་མི་

ཞིག་ཡིན་ན་ངན་པ་ལང་ཤོར་གྱིས་མང་པོ་འཐུང་དགོས་ཆགས་པ་དང་།དེའི་རྒྱུ་རྐྱེན་ལ་བརྟེན་ནས་རང་གི་ ལས་དོན་ཏག་ཏག་སྒྲུབ་མི་ཐུབ་པ།

རྒྱལ་ཁབ་ནས་ཁྱིམ་ཚང་བར་གྱི་ལས་དོན་ཆེ་ཆུང་སྣ་ཚོགས་འཐུས་ཤོར་དུ་འགྲོ་བ། དོན་མེད་དགོས་མེད་ཀྱི་མི་དང་འཁྲུག་རྩོད་ཤོར་བ།

མི་བསད་པ་དང་རྐུ་མ་བརྐུ་བའི་བྱ་ངན་འབྱུང་བ། ངོ་ཚ་ཁྲེལ་མེད་ཀྱིས་རྫུན་དང་ཚིག་རྩུབ་སྨྲ་བ། མོ་ཊ་སོགས་བརྡབ་སྐྱོན་གྱིས་དཔལ་འབྱོར་གྱི་གྱོང་གུད་དང་།

གཟུགས་པོ་ལ་ན་ཚ་དང་གནོད་སྐྱོན་ཆེན་པོ་བཟོ་བ།སློབ་གཉེར་དང་ཕུགས་བསམ་ ཡོད་ཚད་བརླག་ཏུ་བཅུག་པ། བཟའ་བཏུང་དུས་ཐོག་ཏུ་མི་

རག་པས་ཕོ་བའི་མེ་དྲོད་ཉམས་ཏེ་ལུས་ཁམས་ལ་གནོད་པ། ་ཟུངས་ཁྲག་གི་བྱེད་པ་གཙོ་བོ་མཆིན་པ་རུལ་དུ་བཅུག་པ། ཁྱིམ་ཚང་དང་ཉེ་འཁོར་སུན་པོ་བཟོ་བ།

དྲི་མ་དང་རྣམ་འགྱུར་གྱིས་མི་ཚོ་སྐྱུག་མེར་ ལང་བཅུག་པ།གང་ལྟར་ཉེས་པ་ཀུན་གྱི་རྩ་བ།རྒུད་པ་ཐམས་ཅད་ཀྱི་གཞི།མི་འགྲིགས་པའི་གནད་དོན་

ཡོངས་རྫོགས་ཀྱི་འབྱུང་ཁུངས་ལྟ་བུ་དུག་རྫས་ཆང་རག་འདི་རེད།ཉེ་ཆར་ཡང་། རྒྱ་གར་དུས་བབ་ཚགས་ཤོག་ཐོག་ཏུ་ཧི་མ་ཅལ་མངའ་སྡེ་ནང་

ལོགས་ལ་ལོ་གསུམ་གྱི་ནང་མོ་ཊ་སོགས་བརྡབ་སྐྱོན་གྱིས་ མི་༣༤༧༩གྲོངས་ཡོད་པ་དེ་ནང་ནས་བརྒྱ་ཆ་༩༧་༣༨ལྷག་ཆང་རག་བཏུང་བའི་ཉེས་པ་

སོགས་ལས་བྱུང་བར་བཤད་འདུག མདོར་ན་ནང་ཆོས་ནས་་ཆང་གི་ ཉེས་དམིགས་དང་ཆང་སོགས་བཀག་པ་ལས་གནང་བ་གཏན་ནས་མེད།

མ་ཟད་དེང་རབས་ཚན་རིག་མཁས་པས་ཆང་རག་གིས་ལུས་ཁམས་ལ་གནོད་ཅིང་སེམས་པ་མི་བདེ་བ་དང་མི་སྐྱིད་པ་སོགས་བཟོ་གི་

ཡོད་པར་བཤད་འདུག དེ་བཞིན་བླ་མ་དང་གཏོར་མ་ནོར། ཨ་མ་དང་མནའ་མ་ནོར། ཡར་འགྲོ་དང་མར་འོང་ནོར། ཁ་དང་སྣ་ནོར།

ཁྲུས་ཁང་དང་གསང་སྤྱོད་ནོར་བ་སོགས་ཀྱི་ཉེན་ཁ་ཤིན་ཏུ་ཆེ་བའི་ཆང་རག་གི་རིགས་དེ།རང་དང་གཞན། འཕྲལ་དང་ཕུགས། མི་རིགས་དང་རིག་གཞུང་།

རྒྱལ་ཁབ་དང་ཡུལ་ཁམས་གང་ལ་བསམས་ཀྱང་གནོད་པ་ཤིན་ཏུ་ཆེ་ཞིང་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པས

་འགྲོ་བ་མི་ཡི་རིགས་ཀྱིས་སྐྱོན་ཡོན་ངོ་ཤེས་པའི་ཐོག་ནས་ཆང་རག་གི་རིགས་དེ་གཏན་ནས་མ་སྤྱད་རོགས་ཞེས་ཞུ་བ་ཡིན།