སེམས་ཀྱི་མི་དབང་འཇུ་ཆེན་པ་ཕ་ཁྱིམ་ལ་གྱེས་ཕྱག་གི་སྡོམ་ཚིག་བཞག།

 

སེམས་ཤུགས་བརྩེགས་མ་ཞིག་གི་གཏིང་རིམ་ཁྲོད་ན་ལར་ཞེན་གྱིས་

མེ་ལྕེ་བར་མེད་འབར་བཞིན་ཕ་ཁྱིམ་དང་གཏན་དུ་བྲལ་དགོས་བྱུང་།

མི་ཚེ་ཡི་ལོ་རྒྱུས་ཁྲི་སྲོང་གི་ཁྱིམ་གཞིས་ཆེད་དུ་རྒས་ངོ་མཚར་གྱི་

ལོ་རྒྱུས་ལྡན་པའི་བཀའ་ཁྲི་ལགས། ལྐོག་ཟ་རུལ་སོང་མ་བྱས་པའི་ཆོ་ལོ་ཐོབ་མཁན་གྱི་དཔའ་རྒོད་དམ་པ་

མི་དབང་འཇུ་ཆེན་པ། ཁྱེད་ཀྱི་བརྩེ་དུངས་ཀྱིས་དྲོད་ཁོལ་ལ་འཇུ་བའི་མི་རིགས་ཚོས་

ཁྱེད་ལ་བར་དོའི་སྐྱེས་སུ་བཟང་སྤྱོད་དང་འོད་མཚན་སོགས་ཀྱིས་

སྐྱེལ་མ་ཕུལ་བཞིན་ཁྱེད་གླེང་བཞིན་ཡོད་ཡ། ང་ཚོའི་བཀའ་ཟུར་འཇུ་ཆེན་པ་

ཁ་བ་དང་རི་ཆུའི་ཕ་ཁྱིམ་ལ་

མཛེས་སྟུག་གི་མེ་ཏོག་དང་མཉམ་དུ་ཕེབས་པར་སྨོན་ཡ།

ང་ཚོའི་བརྩེ་དུང་གིས་རོལ་དབྱངས་དཀྲོལ་བཞིན་བསུ་མར་ལ་བསྐྱོད་ཡོང་ཡ།

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སྲས་སུ་འབོད་པས་ བོད་ཀྱི་

རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་སྟོད་པ་དཀྱིལ་གྲོང་གི་ རང་ཤག་

ཁང་ཆུང་ནང་ནས་སུག་བྲིས་སོ།། ༢༠༠༡༡ ༩ ༧