རང་གི་བསམ་དོན།

འོན་ཀྱང་དེང་རབས་དང་བསྟུན་ནས་དེ་དག་ལ་སློབ་སྦྱོང་བྱ་རྒྱུ་ནི་གལ་ཆེན་པོ་ཞིག་ཏུ་མཐོང་།

དེས་ན་ངས་ཀྱང་རང་བློར་གང་ལྕོགས་ཀྱིས་འབད་བརྩོན་ལོས་བྱེད།

ང་ཚོ་གྲྭ་པ་དེ་དག་གིས་ནང་ཆོས་ཚད་དང་ལྡན་པ་ཞིག་སྦྱངས་ནས་ཕྱི་གླིང་གི་དད་ལྡན་པ་རྣམས་ལ་

རང་རང་གི་སྐད་རིགས་ཀྱི་ཐོག་ནས་ནང་ཆོས་འགྲེལ་བཤད་གནང་ཐུབ་པར་བྱ་རྒྱུ་དེ་དངོས་གནས་གལ་ཆེན་པོ་ཡིན་སྙམ།

དེ་ཡང་རྒྱལ་དབང་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པའི་གྲྭ་པ་ཞིག་བྱ་དགོས་རེད་གསུངས་པ་དེ་ཡང་དེ་ལ་དགོངས་པ་ལོས་ཡིན།  །