རིན་ཐང་གི་མི་ཚེ་ནག་བསུབ་བྱས་སོང་།
ལས་དབང་ཞིག་གི་སྐོས་ཐང་ཨེ་ཡིན།། མི་ཚེ་ཞིག་གི་ལོ་རྒྱུས་ཡིན་པ།།
ཁེར་རྐྱང་ཞིག་གི་མྱོང་བྱང་འདི་རུ།། མི་ཡུལ་འདི་ལ་བཞག་པ་འདི་འདྲ།།
བྱང་མཐའི་རྫ་ཀླུངའགྲམ་ན་འཚོ་བའི།། དུང་བའི་མིག་ཆུ་འདི་ན་མཆོད་བཞིན།།
ཕ་ས་དྲན་པའི་ལོ་ཟླ་རེ་ལ།།ཡིད་ཐང་ཆད་པའི་ལོ་རྒྱུས་གྲངས་མེད།།
སེམས་ཀྱི་དམིགས་ཡུལ་རྒྱང་ལ་ཡིབ་སོང་།རེ་བསམ་དྲོན་མོའི་ཚེ་སྲོག་ཆད་སོང་།
སྐྱོ་གདུང་སྣང་ཤས་མཚོ་ལ་ཕབ་སྟེ།།ལོ་ཟླའི་རིན་ཐང་འདི་ནས་རྫོགས་སོང་།
དགེ་བཅུའི་སྙིང་པོ་འབད་པ་མ་ནུས།།ཐུང་ཐུང་མི་ཚེའི་རིན་ཐང་རྫོགས་སོང་།
དར་བའི་རྟེན་འདི་དོན་མེད་ཡིན་སོང་།སེམས་ཀྱི་དྲོད་ཁོལ་ཁད་ཀྱིས་ཡལ་སོང་།
སྐྱོ་གདུང་གི་རོལ་དབྱངས་ནག་པོ་ཞིག་སེམས་ལ་བར་མེད་འཁྱིལ་སྐབས་གངས་རི་དང་ལྗང་མདོག་ལ་དུངས་བ་ཟབ་པའི་མེས་པོའི་ལོ་རྒྱུས་ལ་བརྩེ་སེམས་ ཆེ་བའི་གསེར་རྟའི་ལྡོམ་བུ་དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ གསེར་འབྲོང་སྲས་སུ་འབོད་པས་བཞུགས་སྒར་རྡ་རམ་ས་ནས་སུག་བྲིས་སོ།། ༢༠༠༡༡