རེ་བསྐུལ་དང་སྨོན་འདུན།

ཡལ་ལ་ཉེ་ཞིང་འཐོར་བར་མྱུར་བའི་མགོ་ནག་བོད་པ་ཚང་གི་ཕ་མེས་ཡབ་མེས་ཀྱི་གཞིས་ཁྱིམ་གྲགས་ཅན་ར་བ་གངས་རི་དཀར་པོའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཡོངས་ཀྱི་གཙོས་པའི་ཤར་ལྷོ་ནུབ་བྱང་སོ་སོར་གནས་པའི་ཕྱོགས་བཞིའི་རྒྱལ་ཁམས་ཡོངས་ལ་ཞི་བདེ་ལྷང་འཇགས་དང་བདེ་ཞིང་སྐྱིད་པའི་ཚེ་སྲོག་གསར་པ་ཡུན་དུ་བསྐྲུན་ཐུབ་པ་སོགས་མདོར་ན་མེས་པོ་སྲོང་བཙན་སྒམ་པོའི་ལྷ་ཆོས་མི་ཆོས་ཀྱི་ཁྲིམས་སྲོལ་ལྟར་འགྲོ་བ་ཀུན་ཆོས་སྲིད་རྫོགས་ལྡན་གྱིས་འཚོ་ཞིང་། ༸གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་ཞབས་རྗེས་གསེར་གྱི་རི་མོ་རང་ཡུལ་གངས་ལྗོངས་སུ་བསྒྱུར་ཞིང་ཆོས་སྲིད་མཛད་པའི་འོད་སྣང་དཀར་པོ་གངས་ཅན་བོད་ནས་སླར་ཡང་འཕྲོས་ཏེ་གཞིས་བྱེས་བོད་མིའི་རེ་འདུན་གསར་པ་མངོན་འགྱུར་ཡོང་བའི་སྲི་ཞི་རྣམ་དག་ཅིག་བསྒྲུབ་ཐུབ་པའི་རེ་བསྐུལ་དང་སྨོན་འདུན་ཞུ་ལགས།།