སེམས་པ་འཁྲུགས་སོང་།
ཆབ་སྲིད་ཞིག་གིས་བཙན་འཛུལ་འོག་ནས།།
རང་མི་གཞན་གྱིས་ཁྲིམས་ལ་སྦྱར་དུས།།
ཤུགས་རིང་ཞིག་གིས་ཀུན་ནས་བསླངས་ཏེ།།
ཡིད་བློ་དེ་ཡང་དལ་གྱིས་འཁྲུལ་སོང་།།
དུས་རབས་ཤིག་གི་དཀྱོག་མཚམས་བར་ནས།།
ཁ་བའི་རི་ཆུ་བཙག་གིས་བསྡམས་དུས།།
ཁུ་ཕྱུག་གཞོན་ནུས་སྨྲེང་གླུ་ལེན་བཞིན།།
གཞན་ཡུལ་ཕྱོགས་ལ་བསྐྱོད་དགོས་བྱུང་སོང་།།
བདེན་དོན་ཞིག་གི་དན་བརྟགས་ཆེད་དུ།།
རྒྱལ་གཅེས་སྤུ་ཟླའི་ལུས་སྲོག་འདོར་དུས།།
གནང་འགྱོད་ཞིག་གིས་ངོ་གདོང་གླན་བཞིན།།
ས་མཐའ་ཞིག་ནས་སེམས་པ་འཁྲུགས་སོང་།།
མི་རིགས་མང་བའི་རྒྱལ་ཁབ་ཞིག་ནས།།
རིག་གཞུང་ཞིག་གི་འཇུག་འབྲས་གླེང་དུས།།
དངངས་འཚུབ་ཞིག་གིས་ལུས་པོ་འདར་ཏེ།།
འཆི་ལ་ཁད་པའི་སྣང་བ་ཤར་སོང་།།