བལ་ཡུལ་དུ་ས་ཡོམ་འོག་བོད་མི་ཚོར་གནོད་ཚེར་མེད་པ།

སྤྱི་ཡི་ཆ་ནས་ཛཱ་གྲགས་ཀྱི་གནས་སྟངས་དེ་འདྲིའི་འོག་བློ་ཚབ་དང་འཇིགས་སྣང་ཡོང་བ་ནི་ཆོས་ཉིད་ལ་སོང་། དེ་བརྟེན་བོད་མི་ཙམ་མིན་པ་མཚན་མོ་རང་ཁྱིམ་དུ་སྡོད་མ་ཕོད་པ་ཐང་སྟེང་དུ་བསྡོད་དགོས་བྱུང་བ་ནི་སྤྱི་མཚུང་རེད།

ང་དང་ངའི་རོགས་པ་ཞིག་མཚན་གང་གློག་ཀླད་རྒྱུད་གནས་ཚུལ་ཤེས་གཏོགས་ཆེད་མ་ཉལ་པ་བསྡད་པ་ཡིན་རྒྱུད་ལམ་ཁག་ནས་གནས་ཚུལ་མ་འདྲ་བ་མང་པོ་ཞིག་ཐོན་གྱི་འདུག་པས་ཁྱོད་རྣམས་ཀྱི་ཐུགས་བདེ་ཡོང་ཆེད་འདི་བྲིས་པ་ཡིན།

བོད་དོན་བག་ཡོད།།