ཨ་མདོ་རྔ་བ་རྫོང་དུ་གྲྭ་བ་གཉིས་ཀྱི་བོད་བསྟན་སྲིད་རང་དབང་ཆེད་རང་ལུས་མེ་རུ་སྤར་འདུག
དོན་རྐྱེན་དེ་བྱུང་མ་ཐག་ཏུ་ཁོང་གཉིས་སྨན་ཁང་དུ་མྱུར་སྐྱོབ་ཆེད་ཁྲིད་ཡོད་ནའང་། གྲྭ་པ་གཅིག་སྐུ་གྲོངས་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག གནས་ཚུལ་དེའི་རྐྱེན་པས་ད་ལྟར་རྔ་བ་ཀིརྟི་དགོན་པ་ཛ་དྲག་ཆགས་ཡོད་འདུག
(གོང་འཁོད་དེ་རིང་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ངོ་རྒོལ་བྱེད་མཁན་གྱི་གྲྭ་བློ་བཟང་སྐལ་བཟང་ནི་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་མཆོག་གི་ཚ་བོ་ཡང་ཡིན་འདུག)