བོད་ནང་ད་དུང་བོད་པས་ནང་དམེ་བྱེད་བཞིན་ཡོད་འདུག

དཀར་མཛེས་རྫོང་ཁོངས་ནས་བོད་མི་ནང་ཁུལ་འཁྲུགས་འཛིང་ཤོར་ཏེ་མི་གཅིག་བསད་ཡོད་འདུག ད་ཆ་ཆབ་མདོ་རྫོང་ཁོངས་ལྷ་ཐོག་འབྲོག་པའི་གྲོང་སྡེ་གཉིས་རྩ་སའི་དོན་དུ་ཕན་ཚུན་འཁྲུགས་འཛིན་ཤོར་ཏེ་མི་གཅིག་གི་སྲོག་ཤོར་ཡོད་པའི་གནས་ཚུལ་དགྲ་དགའ་གཉེན་སྡུག་གི་བྱ་ངན་ཞིག་རང་རེའི་སྤྱི་ཚོགས་ནང་གྱར་བཞིན་འདུག་ན་དེ་བའི་རྒྱུ་རྐྱེན་གང་ཡིན་པ་དང་། ཕྱིས་སུ་འདི་རིགས་མི་འབྱུང་བའི་ཐབ་ལམ་གང་ཡོད་ཀྱི་དགོངས་ཚུལ་རེད་ཡོང་བའི་རེ་འབོད་ཞུ་བཞིན་ཡོད་ན་དེ་ལུགས་ངན་སྨྲ་དང་ཚིག་རྩུབ་སྤངས་ཏེ་བོད་མིའི་དཀའ་རྙོག་གཙང་སེལ་ཡོང་ཐབས་ལ་འབད་དེ་ངོ་ཐག་ཆོད་པའི་དངོས་མིང་དང་འདྲ་པར་ཡོད་པའི་དྲ་གྲོགས་ཚོས་བགྲོ་གླེང་ཡོང་བ་མཁྱེན།།