ཆབ་སྲིད་པའི་གར་སྟེག་ཏུ་ཕུལ་བ།
དཔྱད་བརྗོད་ལྟ་བ་སོ་སོའི་མཚན་མོ་སྐར་ཚོགས་གྲངས་མང་ཡང།
འཇིག་རྟེན་མུན་པ་རྣམ་གསལ་ཟླ་ཉི་ཟུང་གི་འཁོར་ལམ་ན།
འོད་ནུས་གོང་བུ་གཅིག་གྱུར་མུན་པའི་དམག་རུམ་མཐར་སྐྲོད་ལྟར།
བཀའ་སྤྱི་ཟུང་གི་ནུས་པ་དེ་ཡང་འདི་བཞིན་ཡིན་པར་སྨོན།།
ཁེངས་དྲེགས་བློ་ཡི་ང་རྒྱལ་མཐོན་པོའི་རི་བོའི་བ་གམ་རྩེར།
རྣམ་ནག་དུས་ཀྱི་ཕྱོགས་ཞེན་ཆར་སྤྲིན་དྲག་པོ་རབ་དཀྲིས་ན།
གྲུབ་དོན་སྟོན་གྱི་འབྲས་བཟང་སེར་བས་རབ་ཏུ་བཅོམ་ཉེན་པས།
གུ་ཡངས་ལྷ་བསང་དུད་པས་བསམ་ངན་སྤྲིན་ཕུང་སོལ་བར་བྱོས།
གྲོས་ཚོགས་ལ་ཕུལ་བ།།
