རྒྱ་དམར་གཞུང་གི་ “རྒྱ་ཟུར་ ༥༠ ཤོག་ཁ་”

དེང་སང་དྲ་རྒྱའི་ཐོག་རྒྱ་དམར་གཞུང་གི་ རྒྱ་ཟུར་ ༥༠ ཤོག་ཁ་ ཞེས་པའི་མི་ངན་འགའ་ཞིག་བོད་མི་ཡིན་ཁུལ་གྱིས་རང་རེའི་སྤྱི་ཚོགས་ནང་དྲང་པོ་མིན་པའི་གནས་ཚུལ་འདྲ་མིན་ཁྱབ་གདལ་གཏོང་བཞིན་འདུག་ན་ཚང་མས་དེར་ཡིད་གཟབ་དགོས་པ་གལ་ཆེའོ། མི་ངན་དེ་ཚོས་རང་ཉིད་ཀྱི་མིང་བྱང་དེ་བོད་མིའི་སྤྱི་མིང་བེད་སྤྱོད་གཏོང་སྟེ་ཁྱབ་གདལ་ཆེ་བའི་དབྱིན་ཇི་དང་བོད་སྐད་དྲ་རྒྱའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་མཆོག་ལ་མཚན་སྨད་དང་དབུས་བོད་མིའི་སྒྲིག་འཛུགས་ཁ་བྲལ་གཏོང་ཐབས་གང་ཡོད་བྱེད་ཀྱི་འདུག དེར་བརྟེན་རང་རེ་ཚང་མ་དེའི་ཤུགས་རྐྱེན་འོག་མ་ཚུད་པར་ཕུགས་རྒྱང་རིང་པོའི་ལས་དོན་ལ་ཞུགས་དགོས་པ་དེའང་གལ་ཆེའོ།།