ཁོང་གི་མིང་ལ་སྐལ་བཟང་དབང་ཕྱུག་ཞུ།
རང་ལོ་ ༡༧ དང་མིང་ལ་སྐལ་བཟང་དབང་ཕྱུག་ཞུ་བ་དང་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་གྲྭ་པ་ཞིག་ཡིན་འདུག ཁོང་གིས་ ༸གོང་ས་མཆོག་གི་སྐུ་པར་ཞིག་ལག་ཏུ་བཟུང་ནས་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་ཏེ་རང་ལུས་ལ་མེ་རུ་སྦར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག དེ་མ་ཐག་རྒྱ་དམག་གིས་བསྐོར་ནས་མེ་བསད་ཅིང་གཅར་རྡུང་དྲག་པོ་གཏོང་བཞིན་ཁྱེར་ཡོད་འདུག་ན་འང་། ད་ལྟ་ཁོང་ལ་རྨས་སྐྱོན་ག་འདྲ་ཕོག་ཡོད་མེད་དང་ཤི་གསོན་གྱི་གནས་སྟངས་གང་ཡིན་གསལ་པོ་ཤེས་རྟོགས་མ་ཐུབ་ཀྱི་མེད་པ་རེད།
ལོ་སྔོན་མའི་གསུམ་བཅུའི་དུས་དྲན་རྗེས་ཀྱི་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མེ་རུ་སྤར་ཏེ་བོད་ཀྱི་རྩ་དོན་རྩོད་ལེན་གྱི་ལས་འགུལ་སྤེལ་བ་ནས་རྔ་པ་ཀིརྟི་ས་ཁུལ་ནི་བོད་ཁྱོན་ཡོངས་ཀྱི་དམ་དྲག་ཆེས་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད་པ་དང་། ད་ལྟ་དེ་ལས་ལྷག་པའི་དམ་དྲག་དང་དྲག་གནོད་བྱེད་བཞིན་པའི་གནས་ཚུལ་བྱུང་ཡོད་པ་རེད།