བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་ཆེན་མོ་
དོན་དངོས་ཀྱི་ཐོག་ཏུའང་ཉིན་གྲངས་དགུ་ཡི་རིང་ལ་ལྟད་མོ་བ་སྟོང་ཕྲག་མང་པོ་ཆད་མེད་དུ་ཕེབས་ཀྱང་ཕྱོགས་རེས་དང་། ཟིང་ ཆ་སོགས་ཐེངས་གཅིག་ཀྱང་བྱུང་མ་སོང་། མདོར་ན། ལྟད་མོ་བ་ཚོས་རུ་ཁག་སུས་རྩེད་མོ་ཡག་པོ་དང་། འཁྲུགས་པོ། བཟང་སྤྱོད་དང་ལྡན་པ་རྩེ་ན་དེ་ལ་དགའ་བསུ་དང་། རྒྱབ་སྐྱོར་ཤུགས་ཆེར་བྱེད་ཀྱི་འདུག དེ་འདྲ་ཡིན་དུས་རྒྱུ་མཚན་ མེད་ པའི་སྒོ་ནས་ཕྱོགས་རེས་དེ་ལྟད་མོ་བ་དང་། རྩེད་འགྲན་པ་གཉིས་ཀའི་ངོས་ནས་དོར་ཐུབ་པ་ཡིན་དུས་ཞི་བདེའི་ངང་ནས་འགོ་ འཛུགས་དང་། ཞི་བདེའི་ངང་ནས་འཇུག་བསྒྲིལ་བྱུང་བ་རེད། སྤྱི་སྟངས་འདི་ལོའི་རྐང་རྦོལ་ལྟད་མོ་ཡོངས་ཀྱིས་བཤད་ཕྱོགས་ ལ་བལྟས་ན་སྔ་དང་མི་འདྲ་བ་རུ་ཁག་སོ་སོའི་རྩེད་འགྲན་པ་ཚོའི་རྩེ་མོ་ཧ་ཅང་གི་ཡར་རྒྱས་ཕྱིན་སྟངས་ལ་བལྟས་ན། མ་འོང་པ་ གོ་སྐབས་བྱུང་ན་རྒྱལ་སྤྱིའི་ནང་དུ་མཉམ་ཞུགས་ཐུབ་པ་འདུག་ཅེས་དགའ་སྤྲོའི་ངང་ནས་གླེང་མོལ་བྱེད་མཁན་ཧ་ཅང་གི་མང་པོ་འདུག ཡིན་ནའང་ད་དུང་གཞི་ནས་ཡར་རྒྱས་འགྲོ་འཛུག་པའི་སྒང་ཡིན་དུས་མ་འོང་པ་རྐང་རྦོལ་རྩེད་འགྲན་གང་དུ་བྱེད་ཀྱང་ གཙོ་བོ་ལྟད་མོ་བ་ཚོས་བཟང་སྤྱོད་ཀྱི་རྒྱ་ལས་མ་བརྒལ་བ་བྱེད་རྒྱུ་དེ་གལ་འགངས་ཆེ་ཤོས་ཤིག་ཆགས་ཡོད་པ་དེ་ཧ་ཅང་གི་ གསལ་པོ་རེད། ཡང་གནད་དོན་གལ་ཆེན་གཞན་ཞིག་ཡོད་པ་དེ་ནི་རྩེ་ཐང་གི་དཀའ་ངལ་དེ་རེད། ལྷོ་ཕྱོགས་མར་བོད་རྒྱལ་ ཡོངས་རྐང་རྦོལ་རྩེད་འགྲན་ཐེངས་གསུམ་ཙམ་བྱས་ཟིན་ཡང་རྩེ་ཐང་གི་ཆ་རྐྱེན་དེ་ནི་ཧ་ཅང་གི་ཐབས་ཆགས་ཤིག་རེད། གང་ཡིན་ཞེ་ན། ལྟད་མོ་བའི་སྡད་སའི་རྐུབ་སྟེགས་བང་རིམ་ཅན་གྱི་ར་བ་མེད་པས་གཅིག་རྒྱབ་གཅིག་ལང་ནས་ཚང་ཁ་ཧ་ཅང་ གི་ཆེ་ཞིང་། མི་མང་བས་ལྟད་མོ་ཡག་པོ་ཞིག་རྩ་ནས་མཐོང་ཐུབ་ཀྱི་མེད། ཡིན་ནའང་འདི་ལོ་རྩགས་སུམ་ཐོག་ཅན་གྱི་སྨྱུག ་མའི་ར་བ་ཞིག་བརྩིགས་ཡོད་ཀྱང་དེའི་ཐོག་ཏུ་མང་པོས་ཚང་ཁ་རྒྱབ་ནས་སྨྱག་མའི་ར་དེ་ནི་ལྡེབས་གཅིག་ལ་མར་ཆག་འགྲོ་ཅི་ འདུག དེ་འདྲ་ཡིན་དུས་སྨྱུག་ར་དེའི་ཐོག་ཏུ་ཞེད་སྣང་གི་ངང་ནས་བསྡད་པ་ལས་སྐྱིད་སྣང་གི་ངང་ནས་ལྟད་ལྷོད་ལྷོད་ཅིག་ལྟ་ རྒྱུ་ཡོང་གི་མི་འདུག མ་ཟད་རྩེད་ཐང་ལ་དཔེ་མཚོན་ན། ཆར་པ་ཆུང་ཆུང་འབབ་ན་དེ་མ་ཐག་ཏུ་འདམ་བག་ཆགས་འགྲོ་ཞིང་། ཉི་མ་ཤར་སོང་ན་ཧ་ཅང་གི་མཁྲེགས་པོ་ཆགས་ནས་རྩེད་ འགྲན་པ་ཚོ་ཏོག་ཙམ་རིལ་ནའང་མགོ་དང་། རྐང་ལག་སོགས་དེ་མ་ཐག་ཏུ་རྨས་སྐྱོན་ཤུགས་ཆེར་ཕོག་གི་ཡོད། རྒྱུ་མཚན་དེ
ལ་རྟེན་ནས་རྒྱ་གར་རྒྱལ་ཡོངས་ཀྱི་རྩེད་འགྲན་པའི་ནང་དུ་ཡོད་པའི་བོད་པའི་རྩེད་འགྲན་པ་ཚོ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་གྱི་ནང་དུ་མཉམ་ཞུགས་ཀྱིས་རྩེ་མོ་བརྩེ་སྐབས་རྩེ་ཐང་གིས་རྐྱེན་པས་རང་ལུས་ལ་སྲུང་བསྐྱབས་བྱས་ནས་རྩེ་ཡག་པོ་ཞིག་བརྩེ་ཐུབ་ཀྱི་མེེད་པའི་ཚོར་བ་ཞིག་ལྟད་མོ་བ་ཡོངས་ལ་ཡོང་སྡད་ཀྱི་འདུག
ཡིན་ནའང་འདི་ལོའི་རྩེ་འགྲན་དེ་ནི་ཧ་ཅང་གི་སྐྱིད་སྣང་དང་། གཟི་བརྗིད་ཀྱི་ངང་ནས་འཇུག་བསྒྲིལ་བྱས་སོང་། གཤམ་དུ་འདི་ ཕྱི་ལོ་༢༠༡༡ ལོར་རྒྱལ་ཡུམ་ཆེན་མོ་དྲིན་རྟེན་གསེར་གྱི་རྟགས་མ་འགྲན་རྩོད་ཀྱི་རྐང་རྦོལ་རུ་ཁག་སོ་སོ་ཉིན་གྲངས་དགུ་ཡི་ རིང་ལ་རྒྱལ་ཕམ་ཇི་བྱུང་གསལ་བར་འགོད་ན།
ཉིན་དང་པོ་ 11.9.26 |
མོན་གྷོ་འདོད་རྒུ་གླིང་དང་ སྦེལ་ཀོབ་བོད་ཁྱིམ་གཉིས་དབར་
བལ་ཡུལ་འཕགས་ཤིང་དང་ གྷོ་བ་གཉིས་དབར་ |
3 1
0 0 |
མོན་གྷོ་འདོད་རྒུ་གླིང་ཐོབ་
འདྲ་མཉམ་ཆགས་ |
ཉིན་གཉིས་པ་
11.9.27 |
ཀེལ་མན་ཏྲམ་དོན་འགྲུབ་གླིང་དང་ ཅི་ནའི་མཐོ་སློབ་གཉིས་གཉིས་དབར་
ཤིལ་ལོང་གངས་ལྗོངས་དང་ སྦེལ་ཀོབ་བདེ་སླར་གཉིས་དབར་
སྦེལ་ཀོབ་གྷོ་ལ་ཐ་ལ་དང་ མོན་གྷོ་གཏན་སློབ་གཉིས་དབར་ |
2 1
1 2
3 3 |
ཀེལ་མན་ཏྲམ་དོན་འགྲུབ་གླིང་ཐོབ་
སྦེལ་ཀོབ་བདེ་སླར་ཐོབ་
འདྲ་མཉམ་ཆགས་ |
ཉིན་གསུམ་པ་ 11.9.28 |
བལ་ཡུལ་འཕགས་ཤིང་དང་ སྰ་ར་ན་ཐའི་མཐོ་སློབ་གཉིས་དབར་
ཨོ་རི་ས་ཕུན་ཚོགས་གླིང་དང་ ཀོལ་ལེ་རྒལ་དོན་ལྡན་གླིང་གཉིས་དབར་
ཤིལ་ལོང་གངས་ལྗོངས་དང་ ཧུན་སུར་རབ་རྒྱས་གླིང་གཉིས་དབར་ |
1 0
1 1
0 1 |
བལ་ཡུལ་འཕགས་ཤིང་ཐོབ་
འདྲ་མཉམ་ཆགས་
ཧུན་སུར་རབ་རྒྱས་གླིང་ཐོབ་ |
ཉིན་བཞི་པ་
11.9.29 |
གྷོ་བ་དང་ སྰ་ར་ན་ཐའི་མཐོ་སློབ་གཉིས་དབར་
མོན་གྷོའདོད་རྒུ་གླིང་དང་ མོན་གྷོ་གཏན་སློབ་གཉིས་དབར་
ཀེལ་མན་ཏྲམ་དོན་འགྲུབ་གླིང་དང་ ཨོ་རི་ས་ཕུན་ཚོགས་གླིང་གཉིས་དབར་ |
0 1
3 0
1 0 |
སྰ་ར་ན་ཐའི་མཐོ་སློབ་ཐོབ་
མོན་གྷོ་འདོད་རྒུ་གླིང་ཐོབ་
ཀེལ་མན་ཏྲམ་དོན་འགྲུབ་གླིབ་ཐོབ་
|
ཉིན་ལྔ་པ་ 11.9.30 |
སྦེལ་ཀོབ་བདེ་སླར་དང་ ཧུན་སུར་རབ་རྒྱས་གླིང་གཉིས་དབར་
སྦེལ་ཀོབ་བོད་ཁྱིམ་དང་ སྦེལ་ཀོབ་གྷོ་ལ་ཐ་ལ་གཉིས་དབར་
ཀོལ་ལེ་རྒལ་དོན་ལྡན་གླིང་དང་ ཅི་ནའི་མཐོ་སློབ་གཉིས་དབར་
|
1 0
0 1
0 1
|
སྦེལ་ཀོབ་བདེ་སླར་ཐོབ་
སྦེལ་ཀོབ་གྷོ་ལ་ཐ་ལ་ཐོབ་
ཅི་ནའི་མཐོ་སློབ་ཐོབ་ |
ཉིན་དྲུག་པ་ 11.10.1 |
མོན་གྷོ་འདོད་རྒུ་གླིང་དང་ ཧུན་སུར་རབ་རྒྱསགླིང་གཉིས་དབར་
ཀེལ་མན་ཏྲམ་དོན་འགྲུབ་གླིང་དང་ སྰ་ར་ན་ཐའི་མཐོ་སློབ་གཉིས་དབར་ |
1 0
1 0 |
མོན་གྷོ་འདོད་རྒུ་གླིང་ཐོབ་
ཀེལ་མན་ཏྲམ་དོན་འགྲུབ་གླིང་ཐོབ་ |
ཉིན་བདུན་པ 11.10.2 |
བལ་ཡུལ་འཕགས་ཤིང་དང་ ཅི་ནའི་མཐོ་སློབ་གཉིས་དབར་
སྦེལ་ཀོབ་བདེ་སླར་དང་ སྦེལ་ཀོབ་གྷོ་ལ་ཐ་ལ་གཉིས་དབར་ |
0 2
3 4 |
ཅི་ནའི་མཐོ་སློབ་ཐོབ་
སྦེལ་ཀོབ་གྷོ་ལ་ཐ་ལ་ཐོབ་ |
ཉིན་བརྒྱད་པ་ 11.10.3 |
ཀེལ་མན་ཏྲམ་དོན་འགྲུབ་གླིང་དང་ མོན་གྷོ་འདོད་རྒུ་གླིང་གཉིས་དབར་
ཅི་ནའི་མཐོ་སློབ་དང་ སྦེལ་ཀོབ་གྷོ་ལ་ཐལ་གཉིས་དབར་ |
2 0
1 2 |
ཀེལ་མན་ཏྲམ་དོན་འགྲུབ་ཐོབ་
སྦེལ་ཀོབ་གྷོ་ལ་ཐ་ལ་ཐོབ་ |
ཉིན་དགུ་པ་ 11.10.4 |
ཆེས་མཐའ་མའི་འགྲན་རྩོད་
ཀེལ་མན་ཏྲམ་དོན་འགྲུབ་གླིང་དང་ སྦེལ་ཀོབ་གྷོ་ལ་ཐ་ལ་གཉིས་དབར་ |
2 4 |
ཆེས་མཐའ་འཇུག་གི་ རྩེ་ཕུད་དང་པོ་ སྦེལ་ཀོབ་གྷོ་ལ་ཐ་ལ་ལ་ཐོབ་ |