གངས་ལྗོངས་བཀའ་རྒྱུད་བགྲོ་གླེང་ཆེན་མོ།
དེ་ཡང་རྒྱལ་བསྟན་སྤྱི་་དང་ཁྱད་པར་དཀའ་རྒྱུད་པའི་བཤད་སྒྲུབ་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མ་འོང་རྒྱུན་འཛིན་གྱི་ཆེད་དུ་དཀའ་རྒྱུད་པའི་གཞུང་ཆེན་ཁག་དང་རྒྱ་གར་གྱི་པན་གྲུབ་རྣམས་ཀྱི་མཛད་པའི་གཞུང་ཆེན་ཁག་ལ་བགྲོ་གླེང་ཚོགས་བཞིན་ཡོད་པ་དང།དགོན་སུམ་ཅུ་ལས་བརྒལ་བའི་དགེ་འདུན་ཆིག་སྟོན་བཞི་རྒྱ་ལྷག་འཛོམས་ཡོད་པ་དང་ལྷག་པར་དུ་བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་ཤེས་ལྡན་པ་མང་པོ་འཛོམས་ནས།
ད་ལྟའི་ཆར་བགྲོ་གླེང་ཚོགས་བཞིན་ཡོད་འདུག་ལ་བགྲོ་གླེང་ཚར་ནས་ཉིན་གསུམ་གྱི་རིང་ལ་དམིགས་གསལ་གྱིས་སྐྱ་སེར་དང་ཕོ་མོ་དབྱེར་མེད་ཀྱི་མཁས་དབང་རྣམས་ཀྱིས་བགྲོ་གླེང་ཞིག་ཚོགས་འཆར་ཡོད་འདུག།
བརྗོད་གཞི་གཙོ་བོ་ནི་ཉིན་དང་པོ་ཆོས་ལུགས་མཐུན་འབྲེལ་དང་ཡུལ་མི་མཐུན་འབྲེལ་ཁྱིམ་ཚང་མཐུན་འབྲེལ་སོགས་ལ་བགྲོ་གླེང་བྱེད་རྒྱུ་དང།
ཉིས་གཉིས་པར་འཁོར་ཡུག་སྲུང་སྐྱོབ་དང་འཁོར་ཡུག་གཙང་མ་གང་འདྲ་བྱེད་དགོས་མིན་སྐོར་ལ་བགྲོ་གླེང་བྱེདཉིན་གསུམ་པར་སྲོལ་རྒྱུན་གྱི་རིགས་གནས་དང་འདོན་ཆོག་སོགས་ལ་རྒྱུན་འཛིན་གང་འདྲ་བྱེད་དགོས་མིན་སྐོར་ལ་བགྲོ་གླེང་བྱེད་རྒྱུ་ཡིན་ཞེས་གསུངས་སོང་
