ཕུགས་བསམ་མེད་པའི་ཁེར་རྐྱང་པ།

 

དྭངས་གཙང་གི་དུང་སེམས་སྡུག་ལ་སྦྱར།

ནད་ཡམ་གྱི་གྲོང་གསེབ་ན་འཕག་འཚག་གིས་ཡུལ་ཁམས་དཀྲུགས།

སུ་དང་བསྟུན་མ་ཤེས་པའི་ཁེར་རྐྱང་གི་གདོན་འདྲེ་ཁྱེད།

ཕར་ཕྱོགས་ཀྱི་ཡུལ་གྲུ་ལ་དཀྲུགས་ཤིང་གི་རྨ་ཁ་བཞག།

མཁོན་འཛིན་གྱི་བསམ་བློ་རྙིང་དཀོབ་ད་དུང་སེམས་སུ་ཉལ།

ཡར་རྒྱས་ཀྱི་འཇིག་རྟེན་མིག་གི་མ་མཐོང་ཞིང་།

གཡམ་རྒྱུག་གི་འགོ་ནད་རུལ་བ་དེ་ད་དུང་འདོར་མ་ཐུབ་པར།

སྒལ་ཚིགས་མེད་པའི་ཁོང་སྟོང་གི་ཀླད་མེད་སྨྱོན་པ་ཁྱེད།

ཁ་ཕྱོགས་ཡལ་བའི་མི་ཡུལ་གྱི་དུག་ཚེར་ནག་པོ།

ད་དུང་རྗེས་ལས་ཀྱི་ཨུ་ཚུགས་ལ་ནན་གྱིས་བསྐྱོད་ཡ།

མཐོང་རྒྱ་དང་ཐོས་རྒྱ་ཁག་མིག་གི་དོག་པའི་གླེན་ནག་པ།

རིན་ཐང་གི་ཕུགས་བསམ་ཆུ་འཁྱག་ལ་རྗེ་བའི་ཅོལ་ཆུང་པ།

མུན་ནག་ལ་ལག་རྙོབ་བྱེད་པའི་རྒན་བྱིས་པ།

མདུར་རྒྱུག་གི་ནམ་ཟླ་དང་ལོ་སྣེ་མཐུད་ཡ།

ཞེན་ཆགས་དང་ཁོག་རུལ་གྱི་མངའ་བདག་དམ་པ།

ཕུགས་བསམ་གཏན་རུལ་སོང་བའི་ལས་མེད་པ།

ཧམ་སེམས་ཀྱི་འདོད་བློ་ཁེངས་མ་ཐུབ་པར།

རང་རྒྱལ་གཞན་ཕམ་གྱི་བསམ་བློ་རྟག་ཏུ་ཁུར་མཁན།

གྲོགས་མེད་ཁེར་རྐྱང་གི་ཤེས་མེད་གླེན་པ། ད་དུང་ད་དུང་ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

རྡ་སའི་སྨྱོན་པ་གསེར་རྟ་བསོད་ནམས་ཕུན་ཚོགས་སམ་གསེར་འབྲོང་སུ་འབོད་པས་  ཏྲུས་པ་རོ་ཏྲུས་དཀྱིལ་གྲོང་ནས་སུག་བྲིས་བགྱིས་སོ། ༢༠༠༡༡ ༡༠ ༡༠