མདོ་ཁམས་ལི་ཐང་གི་ཕུལ་བྱུང་དཔའ་བོ་རུང་རྒྱས་ཨ་གྲགས།

འགྲོ་མིའི་ཐོབ་ཐང་གི་གནད་དོན་ནི་ས་ཡི་གོ་ལ་འདིའི་སྟེང་ཆོས་དང་འཇིག་རྟེན་གཉིས་ཀས་བརྩི་འཇོག་བྱས་པའི་རིན་ཐང་གལ་ཆེ་ཞིག་ཡིན། ནང་ཆོས་ཀྱི་རྗེས་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས།ཞེས་པའི་ཡོངས་ཁྱབ་ཀྱི་ཡིག་ཆ་འདི་སྐྱེ་འགྲོ་ཀུན་གྱི་བདེ་སྐྱིད་ཀྱི་དམིགས་འབེན་གཉིས་པ་ཞིག་ཆགས་པ་རེད།

དེའི་ནང་དོན་མདོར་བསྡུས་ན་ཆབ་སྲིད་ཐོབ་ཐང་དང་འཚོ་གནས་ཐོབ་ཐང་གཉིས་སུ་བསྡུ་ཆོག་པ་ཡིན། འདི་ལ་འཛམ་གླིང་གི་བློ་གཟུ་བོར་གནས་བའི་མཁས་པ་ཕལ་མོ་ཆེས་རྒྱབ་སྐྱོར་དང་མོས་མཐུན་གནང་གི་ཡོད་རུང་རྒྱ་ནག་གིས་དེ་ལས་ལྡོག་ཏེ་གཏོག་གཤིག་ཚབས་ཆེན་བཏང་དང་གཏོང་བཞིན་པ་རེད། དཔེར་ན་ནིང་བོད་ནང་གི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེས་བོད་མིའི་ཆབ་སྲིད་དང་འཚོ་གནས་ཀྱི་ཐོབ་ཐང་གཉིས་ཀ་རྡོག་རོལ་བཏང་སྟེ། གོང་ཞུའི་རྒྱལ་སྤྱིའི་ཡོངས་ཁྱབ་ཀྱི་ཡིག་ཆ་དེའི་དོན་ཚན་༼ ༥༽པ་དང་༼༧༽༼༢༽༼༣༽༼༡༩༽བཅས་ཀྱི་ཚིག་ཐོ་དང་དངོས་སུ་རྒྱབ་འགལ་བྱས་ཡོད།

ཉེ་བའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡང་། རྒྱ་སྐད་ལ་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆིའི་ནང་ཡུ་གུར་མི་རིགས་ཚོའི་རང་དབང་དང་རེ་འདུན་ལ་སྣང་མེད་ཀྱིས། ཁོང་ཚོའི་ཐོག་རྒྱའི་ཉེན་རྟོག་པས་དྲག་སྤྱོད་སྤེལ་བའི་ཉེར་ལེན་ལ་བརྟེན་ནས་ཡུ་གུར་བ་དང་ཉེན་རྟོག་པའི་བར་དྲག་ཟིང་བྱུང་ཏེ། མི་གྲངས་ ༣༠༠་ལྷག་རྐྱེན་ལམ་དང་བརླངས་འཁོར་༢༦༡་། ཚོང་ཁང་༢༠༣་དང་སྡོད་ཁང་བཅུ་བཞི་ཙམ་མེར་བསྲེགས། མི་ཆིག་སྟོང་བཞི་བརྒྱ་ལྷག་འཇུ་བཟུང་དང་མི་གྲངས་བཞི་བརྒྱ་ལྷག་ལ་ རྨས་སྐྱོན་ཚབས་ཆེ་ཕོགས་པ།གཞི་རྒྱ་ཆེ་བའི་དོན་རྐྱེན་དེར་རྒྱལ་སྤྱིའི་ཐོག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་དང་ལྷག་པར་རྒྱ་ནག་ནང་རྟེན་གཞི་བྱས་པའི་ རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཟེར་བས་ཀྱང་སེམས་འཚབ་ཆེན་ པོ་བྱེད་བཞིན་པ།ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་གིས་ཡུ་གུར་བ་ཚོར་རྒྱ་ནག་གིས་དྲག་གནོན་བྱེད་བཞིན་པ་དང་།པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་ གྱི་དྲག་གནོན་དྲན་གསོ་བྱེད་འདོད་མེད་ལུགས་སོགས་གླེང་ཏེ་སྐྱོན་བརྗོད་སྣ་ ཚོགས་གནང་བ་དང་དེའི་སྐོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་ཡོངས་ཁྱབ་ཀྱི་ཕྱག་ བྲིས་ཤིག་ཕུལ་ཡོད་པ།ཐེ་ཝཎ་མང་གཙོ་ཡར་རྒྱས་ཚོགས་པས་ཀྱང་ཐེ་ཝཎ་གཞུང་འཛིན་གོ་མིང་ཏང་ལ་གོང་ཞུའི་གནད་དོན་ལས་འཕྲོས་ཏེ་རྒྱ་ནག་དང་གྲོལ་མོལ་བྱེད་སྐབས་འགྲོ་བ་མི་ཡི་ཐོབ་ཐང་སྐོར་ངེས་པར་གླེང་སློང་བྱེད་དགོས་སྐོར་གྱི་དགོས་འདུན་གཏོན་ པ་བཅས་དེ་ལྟའི་གནས་ཚུལ་ཚང་མ་བདེན་པ་རེད།

དེའི་གནད་དོན་ནམ་ནང་དོན་ནི་རྒྱ་ནག་གིས་ཤིང་ཅང་དང་བོད་ཀྱི་གཙོས་རང་གི་རྒྱལ་ནང་དུ་ གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་གཤིག་གཏོང་བཞིན་ཡོད་པ་དེ་ རེད།བོད་ཀྱི་གནད་དོན་ཕྱོགས་ནས་བོད་རྒྱ་ཞི་མོལ་གྱིས་དབུ་མའི་ལམ་གྱི་དགོས་ མཁོ་སྐོང་ཐུབ་ཀྱི་མེད་པ་ར་སྤྲོད་བྱུང་བ་འདིས་ད་བཟོད་འཛམ་གླིང་མི་མང་གི་ཁ་ ཕྱོགས་དང་མཐུན་པའི་སྒོ་ནས་གོང་ཞུས་ལྟར་གྱི་ལས་དོན་མང་པོ་ཞིག་མིག་སྔར་བྱུང་ བཞིན་པ་འདི་གནད་འགག་ཅིག་རེད་བསམ་གྱི་འདུག།བོད་ནང་གི་གནད་དོན་ཡོངས་རྫོགས་ འགྲོ་བ་མིའི་ཐོང་ཐང་དང་འབྲེལ་ཡོད་པ་ཤ་སྟག་རེད།

ལྷག་པར་འཆར་ལ་ཉེ་བའི་སྤྱི་ཟླ་༠༨་པའི་ཚེས་༠༡་ནི་བོད་ཀྱི་གཞུང་འབྲེལ་དང་གཞུང་ འབྲེལ་མིན་པའི་བོད་རིགས་སུ་གཏོགས་ཚད་ཀྱིས་བསྔགས་བརྗོད་གནང་བཞིན་པའི་ལི་ཐང་ ཕུལ་བྱུང་དཔའ་བོ་རོང་རྒྱས་ཨ་གྲགས་ཀྱིས་མེ་འདའ་དང་དེང་རབས་ཅན་གྱི་གོ་མཚོན་ལ་ གདོང་གཏད་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབོད་སྒྲ་བསྒྲོགས་པའི་དུས་ཚིགས་ ཁྱད་པར་ཅན་འཁེལ་གྱི་ཡོད་ལ།མདོ་ཁམས་ལི་ཐང་གི་དབྱར་སྐྱིད་རྟ་རྒྱུག་དུས་ཆེན་ ནི་གནའ་སྔ་མོའི་དུས་རབས་ཁྲོད་ལི་ཐང་དགོན་ཆེན་གྱིས་སྟངས་འཛིན་གནང་བའི་མདོ་ ཁམས་པ་ཚོའི་གོམས་གཤིས་དང་མཐུན་པའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་མོད།ལོ་རབས་ དྲུག་ཅུའི་སྟོད་མཚམས་སུ་གུང་ཁྲན་གྱིས་བོད་མིའི་སེམས་ཁམས་སུ་འཇགས་མི་ཐུབ་ པའི་རྨ་ཁ་ཆེན་པོ་ཞིག་དང་རོ་ཐོག་རྟ་རྒྱུག་ཀྱི་ཚུལ་དུ།དུས་ཆེན་དེ་ཉིད་བརྒྱད་ གཅིག་དམག་གི་དུས་ཆེན་ཞིག་ཏུ་བསྒྱུར་བ་རེད།འོན་ཀྱང་ཕུལ་བྱུང་དཔའ་བོ་རུང་ རྒྱས་ཨ་གྲགས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་སྤྱི་ལོ་ ༢༠༠༨་ལོའི་སྤྱི་ཟླ་᫄ᨓ᫥ᩡᨑ᪄་ སླར་ཡང་དུས་ཆེན་དེ་བོད་ཀྱི་རང་དབང་དྲན་གསོ་དང་༸གོང་ས་མཆོག་གདན་ཞུས་ཀྱི་ བརྒྱད་གཅིག་དུས་དྲན་ཆེན་མོ་ཞིག་ཏུ་བསྒྱུར་བ་ལྟར་ལོ་སྔོན་མར་བཙན་བྱོལ་བོད་ གཞུང་དང་མདོ་ཁམས་བཞི་སྒང་དྲུག་གཉིས་ཀས་གཞུང་འབྲེལ་དུས་དྲན་ཆེན་མོ་ཞིག་ལ་ སྲུང་བརྩི་གནང་པ་རེད།

འཆར་ ལ་ཉེ་བའི་དུས་དྲན་དེ་ནི་གནད་ལ་འཁེལ་ཞིང་དུས་ལ་བབ་པ་ཞིག་ཡིན་དུས་བོད་གཞུང་ དང་མདོ་ཁམས་པ་གཞུང་མང་གཉིས་ཀྱིས་སླར་ཡང་དུས་དྲན་གྱི་ལས་གཞི་གོ་བསྒྲིགས་ཟིན་ པ་ཞིག་ལ་ཡིད་ཆེས་གཙང་མ་ཡོད།བརྒྱད་གཅིག་དུས་དྲན་ནི་འགྲོ་བ་མིའི་ཐོབ་ཐང་གི་ དུས་དྲན་ཞིག་དང་ད་ལྟ་གཙོན་འོག་ཏུ་ཡོད་པའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཚོའི་ རྗེས་དྲན་ཞིག་ཀྱང་རེད་ལ།རླབས་ཆེན་དཔའ་བོ་ཁོང་གི་འབོད་ཚིག་འདིའི་ནང་དོན་དང་ རྒྱབ་ལྗོངས་གཉིས་ཀར་འགྲོ་བ་མིའི་ཐོབ་ཐང་དང་ལྷག་པར་བོད་ནང་གི་གྲངས་ཉུང་མི་ རིགས་ཀྱི་ཐོབ་ཐང་སྐོར་དམིགས་བསལ་གྱི་འབྲེལ་བ་གཏིང་ཟབ་ལྡན་ཡོད་པས་ལོ་སྔོན་ མར་རྒྱལ་སྤྱིའི་དུས་དྲན་ཆེན་མོ་ཞིག་ཏུ་གྱུར་ཟིན་ལ།འདི་ལོའི་སྤྱི་ཟླ་༠༦་པའི་ ནང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཀྱང་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ དངོས་སུ་རུང་རྒྱས་ཨ་གྲགས་ཀྱི་མཚན་བཀོད་དེ་གློད་གྲོལ་དང་བདེ་འཇགས་དགོས་སྐོར་ གྱི་ཡིག་ཆ་ཞིག་ཀྱང་གནང་ཡོད་པ་རེད།སྐད་གྲགས་ཆེ་བའི་དཔའ་བོ་འདི་ཚོའི་མཚན་ཐོག་ ནས་ལས་འགུལ་དང་དུས་དྲན་གྱི་ལས་འགུལ་རེ་སྤེལ་ཐུབ་ཚེ་བརྒྱུད་ལམ་ཁག་ནས་དོ་སྣང་ ཆེན་པོས་ཞིབ་འཇུག་ཡོང་གི་ཡོད་པས་དེ་ཡང་གནད་འགག་ཅིག་རེད་སྙམ།