ཁམས་དཀར་མཛེས་ཟླ་སྟོད་དུ་བོད་དོན་ལས་འགུལ།
ཟླ་འདིའི་ཚེས་༣ ཉིན་རྒྱ་གར་ལྷོ་ཕྱོགས་སེར་བྱེས་ཏྲེ་ཧོར་ཁམས་ཚན་གྱི་གྲྭ་ཐུབ་བསྟན་ཆོས་འཕེལ་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༣ པའི་ཚེས་༣༡ ཉིན་དཀར་མཛེས་ཁུལ་གྱི་འབྲོག་སྡེ་ཟླ་སྟོད་ཡུལ་ཚོ་གཉིས་པ་ནས་ཡིན་པའི་རང་ལོ་༢༡ ཡིན་པའི་དགེ་འདུན་དང་།
སྨོན་ལམ་ཞེས་པའི་མི་སྐྱ་གཉིས་ཀྱིས་ཡུལ་ཚོ་དེའི་གྲོང་པའི་ནང་བོད་དོན་དང་འབྲེལ་བའི་ཡི་གེ་ཕོན་ཆེན་གཏོར་ཡོད་པ་དང་། རྒྱ་ནག་གཞུང་གིས་ཉེན་རྟོག་པས་རྩད་གཅོད་སྐབས་ཁོང་གཉིས་བྲོས་ཡོད་ནའང། དགེ་འདུན་གྱིི་སྦག་སྦག་གི་འཁོར་ལོར་མེ་མདས་བརྒྱབ་སྟེ་འཛིན་བཟུང་བྱས་རྗེས། གང་དུ་ཁྲིད་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་མེད་པ་རེད།།
མེ་སོར་གསར་འགོད་པས།