རང་བཞིན་བརྗོད་པའི་རྒྱན།།
རིགས་རང་བཞིན་བརྗོད་པའི་རྒྱན།།
གཞན་གནོད་གཞི་དང་བཅས་པའི་དྲི་མས་སྤངས།།
ལེགས་ཉེས་བླང་དོར་འབྱེད་ལ་སྤྱན་ཡངས་པ།།
འཚམས་སྤྲིན་གསར་པའི་མདངས་འཛིན་ཆ་བྱད་ཅན།།
ཚངས་པར་སྤྱོད་པ་རྣམས་ནི་ཡི་གར་འོང་།།
བྱ་བ་རང་བཞིན་བརྗོད་པའི་རྒྱན།།
ཀུན་ཏུ་བདེ་བའི་ལེགས་ལམ་ལེགས་པར་སྟོན།།
མ་འདྲིས་འགྲོ་ལ་མཛའ་བའི་འཛུམ་དཀར་གཡོ།།
རྟག་ཏུ་ཞི་དུལ་ངུར་པའི་འགྲོས་ལྡན་པ།།
དད་དཔོན་དམ་པ་དེ་ལ་སྙིང་ནས་གུས།།
ཡོན་ཏན་རང་བཞིན་བརྗོད་པའི་རྒྱན།།
རང་བྱུང་སྐྱེད་མོས་ཚལ་གྱིས་ས་གཞི་འཛིན།།
ཁོར་ཡུག་ས་འཛིན་དཀར་པོའི་མུ་ཁྱུད་ཅན།།
བསིལ་ལྡན་གཙང་པོ་སྟོང་གི་འབྱུང་གནས་ཏེ།།
གོ་ལའི་ཡང་རྩེ་ཁ་བ་རི་པའི་ལྗོངས།།
རྫས་རང་བཞིན་བརྗོད་པའི་རྒྱན།།
ཡིང་འོང་ཀ་ཤི་ཀ་རས་སྐུ་ལ་གསོལ།།
སྒྲ་དབྱངས་རྒྱ་མཚོའི་ཕྱག་མཚན་པི་ཝང་འཛིན།།
སྣ་མང་རིན་ཆེན་བརྒྱན་གྱིས་སྤྲས་མཛད་མ།།
རོལ་རྩེད་ངག་གི་དཔལ་ཀུན་ཐོགས་མེད་སྩོལ།
