འབར་བཞིན་པའི་ཚེ་སྲོག་ལས་འཕྲོས་པའི་གཏམ།

རྒྱ་ནག་གི་དྲག་པོའི་བཙན་འཛུལ་དང་མེ་མདའི་ཧྲག་དབར་ནས་སྤུན་ཟླ་གྲངས་མང་ཞིག་གི་སྐུ་སྲོག་ཤོར་ཡོད་ལ། ཉེས་མེད་ཁྲིམས་གཅོད་ཀྱི་རྡུང་གདག་དབར་ནས་སྤུན་ཟླ་གྲངས་མང་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད། འདི་ནི་རྒྱ་ནག་དམར་གཞུང་གིས་བོད་དུ་བཟུང་བའི་སྲིད་ཇུས་མ་རུང་བ་ཞིག་དང་། གྲངས་ཉུང་མི་རིགས་ལ་མནར་གཅོད་དང་རྡུང་གདག་བཏང་བའི་མཚོན་དོན་བླ་ན་མེད་པ་ཞིག་ཀྱང་ཡིན།

ད་དུང་རྒྱ་ནག་གིས་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་སྐྱར་ཞིབ་དང་འགྲོ་བ་མིའི་གཞི་རྩིའི་ཐོབ་ཐང་ལ་རྩི་བཀུར་མེད་པར་རང་ཉིད་ཀྱི་ཁེ་ཕན་གཅིག་པུར་དམིགས་ཏེ་མི་གསོད་ཁྲག་སྦྱོར་དང་འཁོར་ཡུག་རྩ་གཏོར། དགོན་སྡེ་གཏོར་བཤིགས་སོགས་འགྲོ་བ་མིའི་བློ་ཡུལ་ལས་འདས་པའི་ལས་གཞི་སྣ་ཚོགས་ཤིག་སྤེལ་མས་སུ་ཡོད། དེར་རྟེན་གངས་རིའི་ལྗོངས་ཀྱི་སྤུན་ཟླ་གྲངས་མང་ཞིིག་གིས་མི་རིགས་ཀྱི་བདེ་སྡུག་དང་། རྒྱལ་ཁབ་ཀྱི་ཕུགས་བམས་ཆེད་ལས་གཞི་འདྲ་མིན་གྱི་དྲྭ་བ་རྒྱུད་དེ་རྒྱ་གཞུང་ལ་ཞི་རྒོལ་བསྟུད་མར་བྱེད་བཞིན་པ་འདི་ལ་བསམ་ཚེ། མལ་ས་ལས་སྡོད་མི་བཟོད་པའི་ཟུག་རྔུ་ཞིག་གིས་སེམས་ཁམས་སུ་རྨ་ཁ་ཆེན་པོ་ཞིག་བཟོས་པ་ཀུན་གྱིས་མཁྱེན་གསལ་ལགས། དེས་ན་དེང་འབར་བཞིན་པའི་ཚེ་སྲོག་གི་མཆོད་མེ་དེའི་ཐོག་མའི་འབྱུང་ཁུངས་སོགས་ལ་བསམ་གཞིགས་ཀྱི་འཁོར་སྐྱོད་བྱེད་དགོས་པ་བོད་རྒྱ་གཉིས་ཀྱི་ཕྲག་ཏུ་བབ་པའི་འོས་འགན་ཉག་གཅིག་ཏུ་འཁུམས།  

 

                              དང་པོ། ཐོག་མའི་འབྱུང་རྐྱེན་གླེང་བ།

སྤྱིར་སྔོན་བྱུང་ལོས་རྒྱུས་ཀྱི་གླེགས་བམ་དང་བོད་རྒྱ་གཉིས་ཀྱི་ཡུལ་གོམས་གཤིས་ལུགས། ས་ཆེའི་འབབས་ཚིགས་སོགས་ཕྱོགས་གང་ནས་བལྟས་ཀྱང་བོད་རྒྱ་གཉིས་མི་རིགས་དང་རྒྱལ་ཁབ་མི་འདྲ་བའི་ཐ་དད་ཀྱི་ཡུལ་ལུང་གཉིས་ཡིན་པའི་ངེས་ཤེས་གཟེངས་སུ་ཐོན་ཐུབ་ལ། རྒྱ་ནག་ལ་མཚོན་ན་མི་རྒྱུ་སྒེར་སྤྱོད་གཏོང་བའི་འོས་ཆོས་སྤུ་ཉག་ཙམ་མེད་པ་ཡང་གསལ་བོར་ཤེས། འོན་ཀྱང་ཁྲས་ཐུབ་ཀྱི་བྱེའུ་དང་། བྱེའུ་འབུ་ཐུབ་ཀྱིས་འབུཞེས་པའི་དཔེ་ལྟར་གཞན་གྱི་བདེ་སྡུག་ལ་སོམ་ཉི་ཙམ་ཡང་མི་བྱེད་པར། སྨྲ་བརྗོད་རང་དབང་དང་། རིག་གཞུང་སྲུང་སྐྱོབ། ཁོར་ཡུག་བདག་གཅེས་བྱེད་པ་སོགས་ཀྱི་ཐོབ་ཐང་རྣམས་ཡོངས་སུ་འཕྲོགས་ཏེ། རྒྱལ་གཅེས་ཆོས་གཅེས་ཞེས་པའི་གཡོ་འཕྲུལ་ཅན་གྱི་ཐབས་ཤེས་ཤིག་གིས་བོད་ཁམས་ཡོངས་རྫོགས་དབང་བསྒྱུར་བྱེད་པའི་འདུན་པ་སྟོང་བཅངས་བྱས་པར། བོད་མི་རྣམས་ཀྱིས་ངོས་ལེན་དང་མོས་མཐུན་མ་བྱུང་བར་མ་ཟད་སྤུན་ཟླ་གྲངས་མང་ཞིག་གིས་གཅེས་སྲོག་མཆོད་མེར་ཕུལ་བའི་འུ་ཐུག་ཐབས་ཟད་ཀྱི་ལས་ལ་ཞུགས་དགོས་བྱུང་བ་རེད། །

 

འཛམ་གླིང་ཞི་བདེའི་དེད་དཔོན་གངས་ལྗོངས་ལུགས་གཉིས་ཀྱི་བདག་པོར་བཞེངས་པའི༧གོང་ས་སྐྱབས་མགོན་ཆེན་པོའི་གཙོས་བོད་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་། དེ་མིན་སྤུན་ཟླ་འབུམ་ཚོ་བརྒལ་བ་ཞིག་རང་ཡུལ་གངས་ཅན་གྱི་ཞིང་དང་གྱེས་བྲལ་ཏུ་ཕྱིན་བཅུག་པ་མ་ཟད། དོན་གྱི་བདག་པོ་གང་ལ་མཚན་སྨད་དང་བསྙད་འདོགས་བྱས་ཏེ། གཞིས་བཞུགས་སྤུན་ཟླ་ཚོའི་སེམས་སུ་བཟོད་ཐབས་བྲལ་ᫍᨑᩏ᫥ᨕ᫥ᩲ᪠᫥᪱ᨓ᩶᪍᫕ᨑ་རྨ་ཁ་ཆེན་པོ་ཞིག་བཟོས་ཏེ། དྲག་པོོའི་གཡུལ་ས་གང་སར་བཤམས་ཤིང་། ཁྲག་རྣག་གི་ཡུར་ཆུ་བོད་མདོ་དབུས་ཁམས་གསུམ་དུ་བཞུར་བཅུག་པ་སོགས་ཀྱིས་མཚོན། དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པ་རྣམས་གཞིས་བཞུགས་སྤུན་ཟླ་ཚོས་མ་བཟོོད་པར་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བསྟེན་ཏེ། སྐུ་སྲོག་མཆོད་མེར་བསྒྲོན་དགོས་བྱུང་བ་རེད།

 

མདོར་ན་ཕྱི་ལོ་༡༩༥༩ལོ་བོད་རང་དབང་རང་བཙན་གྱི་བདག་དབང་རྒྱ་གཞུང་གིས་བཙན་འཕྲོགས་བྱས་ནས་བཟུང་། བཞིས་བཞུགས་སྤུན་ཟླ་ཁྲི་ཚོ་མང་པོའི་སྐུ་སྲོག་དགྲ་ལག་ཏུ་ཤོར་ཡོད་ལ། ཁྱད་པར་དུ་ཉིས་སྟོང་བརྒྱད་ནས་བཟུང་བོད་མི་རྣམས་ཀྱི་ཞི་རྒོལ་གྱི་རྣམ་པ་ཆེ་རུ་ཕྱིན་ཏེ་། སྐུ་སྲོག་མཆེད་མེར་ཕུར་བའི་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་མགོ་བརྩམས་ཏེ། ད་ལྟ་བར་དུ་རྒྱལ་གཅེས་དཔའ་བོ་སུམ་ཅུས་སྐུ་སོག་མཆེད་མེར་ཕུལ་བའི་ལོ་རྒྱུས་ཀྱི་རྡ་རིང་མཐོོ་བོོ་དག་བརྩིགས་ཡོད། འདི་ནི་བོད་མི་རྣམས་ཀྱིས་ནོར་འཁྲུལ་ལས་བྱུང་བའི་ནག་ཐུག་ཅིག་དང་། རྒྱ་ཁབ་ཁ་བྲལ་གཏོང་འདོད་ཀྱི་འདུན་པ་ལས་བྱུང་བའི་གཡོ་འཕྲུལ་ཅན་གྱི་ལས་འགུལ་ཞིག་མིན་པར། རྒྱ་ནག་དམར་པོའི་རང་ལུགས་མཁྲེགས་འཛིན་བྱེད་མཁན་ཚོའི་སྲིད་ཇུས་ཡང་དག་མ་ཡིན་པ་དང་། ཆོས་དད་རང་མོས་དང་རིགས་གཞུང་སྲུང་སྐྱོབ་བྱེད་པའི་འདྲ་མཉམ་གྱི་ཐོབ་ཐང་མེད་པའི་དབང་གིས། བོད་མི་རྣམས་ཀྱིས་ཐབས་ཟད་ཀྱི་ཞི་བའི་ལས་འགུལ་སྤེལ་དགོོས་བྱུང་བར་བརྟེན། འདི་ནི་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་བརྟེན་ནས་བྱུང་བ་ལས། བོད་མི་རྣམས་ཀྱིས་བཟོས་པ་ཞིག་གཏན་ནས་མིན་ཡིན་ནོ།

 

 

                            གཉིས་པ། ནུས་ཤུགས་ཀྱི་གུང་བུ་གླེང་བ།

སྤུན་ཟླ་གྲངས་མང་ཞིག་གིས་སྐུ་སྲོག་མཆེད་མེར་བསྒྲོན་པ་དེས་བོད་རྒྱ་གཉིས་ཀྱི་གནད་དོན་ལ་ནུས་ཤུགས་རླབས་ཆེན་ཞིག་ཐོན་ཡོད་ལ། འཛམ་གླེང་རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་ཡང་སྔོན་དང་མིའདྲ་བའི་ངོས་འཛིན་གསར་བ་ཞིག་དང་དོ་སྣང་དམིགས་བསལ་ཞིག་གནང་ཡོད་པ་ཀུན་གྱིས་མཁྱེན་གསལ་ལགས། དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པར་མཚོན་ན་རང་ལུས་མེ་བསྲེགས་བཏང་བའི་གནས་ཚུལ་འདི་རྫུན་གཏམ་གྱིས་འགེབས་མ་ནུས་པར། ངོ་ཚ་ཁྲེལ་མེད་ཀྱི་ལན་འདེབས་དང་ངོས་འཛིན་རྫུན་མ་ཞིག་མི་བྱེད་ཐུ་མེད་བྱུང་བ་རེད། དཔེར་ན། སྤྱི་ཟླ་༢་ཚེས་༡༤་ཉིན་སྲིད་བློན་ཝེན་ཇྭ་པོའུ་ཡིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དེང་ཐོག་བོད་པའི་ས་ཁུལ་འགའ་ཞིག་ཏུ་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་བ་འདི་རྣམས་རྒྱ་ནག་གཞུང་གིས་དྲག་སྤྱོད་པའི་བྱེད་སྟངས་ལ་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་ཁྲེལ་མེད་ཀྱི་རྫུན་གཏམ་བཤད་དགོས་བྱུང་བ་དེ། སྐུ་ལུས་མཆེད་མེར་བསྒྲོན་པའི་ནུས་ཤུགས་ལ་བརྟེན་ནས་བྱུང་བ་ཞིག་རེད་ལ། འཛམ་གླིང་རྒྱལ་སྤྱིའི་མིག་མདུན་ནས་རྫུན་རྐུབ་སྐྱོ་བོ་ཞིག་ཀྱང་རྡོལ་དགོས་བྱུང་བ་རེད།

སྐུ་ལུས་མེར་བསྲེགས་ཀྱི་དོན་རྐྱེན་མ་བྱུང་སྔོན་གྱི་བོད་ནང་གི་བོད་མི་རྣམས་ཀྱིས་ཞི་རྒོལ་གྱི་རྣམ་པ་གང་འདྲ་ཞིག་སྤེལ་ཡང་། དྲག་པོའི་འགོག་རྒོལ་དང་ཉེས་མེད་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཀྱིན་ཡོད་མོད། འོན་ཀྱང་། སྤུན་ཟླ་གྲངས་མང་ཞིག་གིས་སྐུ་སྲོག་མཆོད་མེར་ཕུར་བའི་དོན་རྐྱེན་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་དང་འབྱུང་བཞིན་པ་དེའི་ནུས་ཤུགས་ཀྱིས། ལས་འགུལ་གཞན་པ་སྟེ། རང་བཙན་སྐད་འབོད་དང་ཞི་བའི་ཁྲོམ་སྐོར། སྦྱར་ཡིག་འགྲེམས་གཏོར་སོགས་ཀྱི་ལས་འགུལ་རྣམས་ལ་སྔོན་དང་མི་འདྲ་བའི་དོ་སྣང་དང་ཇེ་ཆུང་དང་། འགོག་རྒོལ་ཇེ་ཉུང་དུ་སོང་བའི་གནས་ཚུལ་ཡོད་རིགས་རྣམས་ཀྱང་མེ་བསྲེགས་ལས་འགུལ་གྱི་སྒུལ་ཤུགས་ལས་བྱུང་བའི་གྲུབ་དོན་ཞིག་ལོས་ཡིན་སྙམ། ཡང་ཤེས་དགོས་པ་ཞིག་ལ་འགོག་རྒོལ་གྱི་རྣམ་པ་ཇེ་ཆུང་དུ་སོང་ཞེས་པ་དེ་རྒྱ་ནག་གི་སྲིད་ཇུས་གུ་ཡང་དུ་སོང་བ་ཞིག་དང་། བོད་པའི་བདེན་དོན་ལ་བསམ་གཞིགས་བྱས་པ་ᫍᨑᨵ་རེད་ཅེས་ནམ་ཡང་གླེང་གི་མེད། འདི་ནི་དམར་ཤོགས་ཚོགས་པའི་འུ་ཐུག་གི་ལས་ཀ་ཞིག་དང་གཡོ་འཕྲུལ་གྱི་ཐབས་᫡ᨓ᫥་ཤིག་ཡིན་པ་ལས་བོད་པར་སྙིང་རྗེ་བསྒོམས་པའི་᩶᪄་རྟགས་᫡ᨑᨵ་གཏན་ནས་མ་ཡིན་ནོ།

དེ་མཚུངས་རྒྱ་རིགས་ནང་ཁུལ་གྱི་དྲང་བདེན་དང་འདྲ་མཉམ་ལ་དགའ་བའི་རྒྱ་རིགས་ཤེས་ཡོན་ཅན་མང་པོ་ཞིག་གིས་རྒྱ་ནག་གི་སྲིད་ཇུས་ལག་བསྟར་བྱེད་སྟངས་ལ་དགོངས་ཚུལ་སྣ་ཚོགས་ཤིག་བཏོན་པ་དང་། བོད་པ་རང་ཉིད་ལ་མཚོན་ན་ས་ཆ་སྟོད་སྨད་བར་གསུམ་གྱི་སྤུན་ཟླ་ཚོའི་སེམས་སུ་ན་ཟུག་གི་ཁུར་བོ་ལྗིད་པོ་ཞིག་བཞག་ཡོད་ལ། མི་རིགས་རང་ལུགས་ཀྱི་ལྟ་བ་དང་བདག་དབང་རྩོད་ལེན་གྱི་ངར་ཤུགས་ཆེ་རུ་འགྲོ་བཞིན་པ་འདི་ཡང་སྐུ་སྲོག་མཆོད་མེར་ཕུར་བའི་ནུས་ཤུགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་གསལ་བོ་རེད།

                         

                        གསུམ་པ། འཐར་ཐུག་གི་འཇུག་འབྲས་གླེང་བ།

ཉེ་སྔོན་ཉིས་སྟོང་བརྒྱད་ནས་བཟུང་ད་ལྟ་དབར་དུ་བོད་ཕྱི་ནང་གཉིས་ཀྱི་བོད་མི་སུམ་ཅུ་སོ་ལྔས་སྐུ་སྲོག་མཆེད་མེར་ཕུལ་ཏེ་རྒྱ་གཞུང་ལ་ཞི་རྒོལ་ཤུགས་ཆེན་བྱས་པ་འདི་ནི་བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཆེན་པོ་ཞིག་ཡིན་ལ། རྒྱུན་དུ་དྲན་གསོ་བྱེད་རིན་ཡོད་པའི་འགངས་ཆེན་གྱི་ས་ཚིགས་ཤིག་ཀྱང་ཡིན། དེས་ན་འབྱུང་འགྱུར་ལས་འགུལ་འདིའི་འཇུག་འབྲས་ཇི་ལྟར་འགྱུར་མིན་ཡང་སུས་ཀྱང་ཐག་གཅོག་བྱེད་དཀའ་བའི་གནད་དོན་ཞིག་རེད།

 

འོན་ཀྱང་ལས་འགུལ་འདིའི་བྱུང་རིམ་ལ་ཕྱིར་ལྟ་བྱེད་དུས་འབྱུང་འགྱུར་ལས་འགུལ་གྱི་ཁ་ཕྱོགས་གང་འདྲ་ཞིག་ཏུ་འགྱུར་མིན་ཚོད་དཔག་ཀྱི་ལམ་ནས་ཅུང་ཤེས་ཚོད་རེད། དཔེར་ན། ཕྱི་ལོ༡༩༥༩བོད་རང་དབང་རང་བཙན་གྱི་བདག་དབང་ཡོངས་རྫོགས་རྒྱ་གཞུང་གིས་བཙན་འཕྲོགས་བྱས་པ་ནས་བཟུང། བོད་མི་རྣམས་ཀྱིས་ཞི་རྒོལ་གྱི་འགུལ་ཤུགས་བསྟུད་མར་བྱས་ཡོད་ཀྱང་། ཉིས་སྟོང་བརྒྱད་ནས་བྱུང་བ་ལྟ་བུའི་ཛ་དྲག་གི་གནས་ཚུལ་དེའི་སྔོན་བྱུང་མེད། སྤྱིར་བོད་མི་རྣམས་ཀྱིས་ཞི་རྒོལ་གྱི་འབོད་ཚིག་དབྱངས་རྟ་གཅིག་གི་ང་རོ་ལ་དྲངས་ནས་མགུར་གྱིན་ཡོད་ཀྱང་། བར་སྐབས་ཤིག་ནས་དབྱངས་རྟའི་སྒྲ་དབྱངས་ཡོད་ཚད་མེ་ཞགས་ཀྱི་ངར་ཤུག་ལ་འཐིམས་ཏེ་འབོད་ཚིག་གསལ་ལ་མི་གསལ་བའི་ལས་མགོ་གསར་བ་ཞིག་བརྩམས་པ་རེད། དེས་ན་འབྱུང་འགྱུར་ལས་འགུལ་གྱི་ངོ་བོ་དེ་རྣམ་པ་མི་འདྲ་བའམ་དྲག་པོའི་ངོ་བོར་འགྱུར་ཉེན་ཆེ་ལ། འགྱུར་དགོས་པ་ཞིག་ཀྱང་ཞིག་ཀྱང་འདོད།

 

དེ་སྔོན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ལུགས་གཉིས་ཀྱི་འགན་འཁྲི་ཡོངས་རྫོགས་བཞེས་ཏེ། འཚེ་མེད་ཞི་བའི་ཐབས་ལམ་ལག་བསྟར་དགོས་པའི་བཀའ་སློབ་ལམ་སྟོན་རྟགཏུ་གནང་བསྡད་པ་ཞིག་རེད་ལ། བོད་མི་རྣམས་ལ་མཚོན་ན་ཡང་༧གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་བྱས་ཏེ་ཞི་རྒོལ་གྱི་ལམ་བུ་ཁོ་ན་བསྙགས་པ་རེད་མོད། འོན་ཀྱང་དེང་སྐབས་དམ་པ་གང་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྩིས་སྤྲོད་གནང་ཟིན་པ་ལྟར། བོད་མི་རྣམས་ཀྱིས་ཀྱང་ཞི་རྒོལ་གྱི་ལམ་བུ་བསྡུ་གསོག་རྒྱག་སྲིད་པ་ཞིག་རེད་ལ། ཉེ་ཆར་༧གོང་ས་མཆོག་གིས་སྐུ་དབང་བརྩིས་སྤྲོད་གནང་བ་ནས་བཟུང་བོད་རྣམས་ཀྱི་ངར་ཤུགས་ཇེ་ཆེ་དང་། ངོ་རྒོལ་གྱི་རྣམ་པ་དྲག་ཏུ་ཕྱིན་ཏེ་འབར་རྫས་གཏོར་གས་ཀྱི་གནས་ཚུལ་མི་ཉུང་བ་ཞིག་བྱུང་ཡོད་པ་ལྟ་བུ་རེད། རྒྱི་མཚན་འདི་དག་ལ་གཞིགས་ན་འབྱུང་འགྱུར་བོད་མིའི་ཞི་རྒོལ་གྱི་རྣམ་པ་འུ་ཐུག་ཐབས་ཟད་ཀྱི་དྲག་རྒོལ་ཞིག་ཏུ་འགྱུར་ཉེན་ཆེ་བ་མ་ཟད། རྒྱ་ནག་དམར་ཤོགས་ཚོགས་པར་ཁ་ལག་པས་མི་སུམ་པའི་འགྱོད་དགུང་དྲག་པོ་ཞིག་གིས་མནར་སྲིད་པ་ཞིག་ཀྱང་རེད།

དེས་ན་དེང་འབར་བཞིན་པའི་མེ་ལྕེའི་འོད་ཕུང་འདི་དག་གི་འཇུག་འབྲས་ཇི་ལྟར་འགྱུར་མིན་ཕལ་ཆེར་ཚོད་དཔག་གི་ལམ་ནས་ཐག་གཅོད་བྱེད་ཐུབ་པའི་གནས་སུ་ལྷུང་ཡོད་ལ། མཁྲེགས་བཟུང་ཅན་གྱི་དམར་པོའི་རུ་ཁག་འདི་ཡང་རྫོགས་ཚིག་བཞི་ཤད་ཅན་གྱི་ཨ་ལུང་ལ་དྲངས་རན་ཡོ་སྙམ་མོ།།